5192

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཟའ་བཅའ
Tibetan Definition 2 (འདུལ་བ) བཟའ་བཅའི་ཁྱད་པར་ནི། གཙོ་ཕལ་གྱི་སྒོ་ནས་བཞག་པ་ཡིན། བཟའ་བ་ནི་འདིར་སྲོག་འཚོ་བའི་ཟས་ཀྱི་གཙོ་བོ་ལ་ཟེར། དཔེར་ན་ཟན་དྲོན། འབྲས་ཆན། ཉ་ཤ། ཤ། སྣུམ་ཁུར་དང་ལྔ་ལྟ་བུ། བཅའ་བ་ནི་འདིར་ཟས་ཕལ་པ་ལ་ཟེར་ཏེ། དཔེར་ན་རྩ་བ། སྡོང་བུ། ལོ་མ། མེ་ཏོག འབྲས་བུའི་བཅའ་བ་དང་ལྔ་ལྟ་བུའོ། །འདི་དག་གི་མཚན་གཞི་བཅའ་བ་ལྔ་ཞེས་པའི་ཐད་དུ་གཟིགས། ཡང་ན་བཙོས་ནས་བཟའ་རྒྱུའི་རིགས་ཀྱི་ཟས་ལ་བཟའ་བ་དང་། ཤིང་ཏོག་སོགས་རྗེན་པར་བཟར་རུང་བའི་རིགས་ལ་བཅའ་བ་ཟེར་རོ། །