From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བཟླས་པ
|
Tibetan Definition
|
2 ཡིད་ཀྱིས་འདོན་པ་ལྟར་བྱེད་དེ་བསྒོམ་པ། སྔགས་ངག་ཏུ་མི་བརྗོད་པར་ཡིད་ཀྱིས་བཟླས་པ་ཡིད་བཟླས་ལྟ་བུའོ། །དབྱེ་ན། དམ་ཚིག་གི་བཟླས་པའམ་སྤྲོ་བསྡུའི་བཟླས་པ་ནི། ཐུགས་གའི་ས་བོན་ལས་རླུང་འབྱུང་བ་ན་ལྷ་རྣམས་སྤྲོས་འགྲོ་དོན་བྱས་ནས། རླུང་འཇུག་པ་ན་སླར་ས་བོན་ལ་བསྡུ་ཞིང་དེའང་སྔགས་འགོ་བརྗོད་པ་ན་སྤྲོ་བ་དང་བརྗོད་པ་རྫོགས་པ་ན་བསྡུ་བའོ། །ཁྱོགས་ཀྱི་བཟླས་པའམ་དོ་ལིའི་བཟླས་པ་ནི། ཆོས་ཐམས་ཅད་མཉམ་པ་ཉིད་དུ་མོས་པར་སྔགས་ཕྲེང་རང་ཞལ་དུ་ཞུགས་པ་རྡོ་རྗེ་ནས་ཡུམ་གྱི་པདྨར་སོང་ཞིང་དྷུ་ཏི་ལས་ཞལ་ནས་བྱུང་བ་རང་གི་ཞལ་དུ་ཞུགས་ཤིང་འཁོར་བར་བསམ་པའོ། །དྲག་པོའི་བཟླས་པའམ་ཁྲོས་པའི་བཟླས་པ་ནི། སྔགས་ཕྲེང་རང་གི་ཞལ་ནས་ཡུམ་གྱི་ཞལ་དུ་ཞུགས་ཏེ་པདྨ་ནས་རྡོ་རྗེར་བྱུང་ཞིང་འཁོར་བར་བསམ་པའོ། །ཁྲོ་བོའི་བཟླས་པ་ནི། སྔགས་རྣམས་དྲག་ཏུ་བརྗོད་པ་གསང་འདུས་ལས་གསུངས་སོ། །གོང་བུའི་བཟླས་པ་ནི། ཐུགས་ཀའི་ས་བོན་ལ་བཟླ་རྒྱུའི་སྔགས་མགོ་གྱེན་བསྟན་ཟླུམ་པོར་བསྐོར་བར་དམིགས་ལ། དེ་སེམས་ཀྱིས་དྲི་བའམ་བཀླག་པ་ལྟར་བཟླ་བ་དང༌། རྡོར་བཟླས་ནི། རླུང་འབྱུང་འཇུག་གནས་གསུམ་དང་སྦྱར་ཏེ་རླུང་བསྡམས་ནས་ཡིད་ཀྱིས་བཟླ་བ་འགོག་བཟླས་དང་བཟླ་བའོ། །སྔགས་ངག་ཏུ་མི་བརྗོད་པར་ཡིད་ཀྱིས་བཟླས་པ་ཡིད་བཟླས་དང༌། ལྕེ་མཆུ་གཡོ་ཙམ་དུ་བཟླ་བ་ཤུབ་བུའི་བཟླ་བ་དང༌། ཡི་གེ་རིང་ཐུང་བྱེད་པར་སྐད་གསང་ཆེན་པོས་བཟླ་བ་རིག་བྱེད་འདོན་པ་ལྟ་བུའི་བཟླས་པ་རྣམས་སོ། །བརྟག་གཉིས་ཀྱི་སྤྱི་དོན་ལས་གསུངས་པ་ལྟར་བཀོད།
|