From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བའི་རྫི་མ་ལྟ་བུ
|
Tibetan Definition
|
རྫི་མ་གནག་ཅིང་སྣུམ་པ་བའི་རྫི་མ་ལྟ་བུ་ཞེས་པའི་དོན། རིན་ཆེན་ཕྲེང་བའི་རྒྱ་ཆེར་བཤད་པ་༼ གེ ༽༡༥༦ན༣ལས། རྫི་མ་གནག་པས་ན་རྫི་མ་བའི་ལྟ་བུའོ།། ཞེས་གསུནས་ཤིང་། འདུལ་བ་ལུང་གཞི་ལས་ཀྱང་། ལྷ་གཞོན་ནུ་ནི་སྤྱན་མཐོན་མཐིང་ལ་བའི་རྫི་མ་ལྟ་བུ་དང༌། ཞེས་གསུངས་སོ། །མངོན་རྟོགས་རྒྱན་ལས། སྤྱན་ནི་མཐོན་མཐིང་སྤྱན་རྫི་བ་མཆོག་གི། འདྲ་བ་འདི་དག་སུམ་ཅུ་རྩ་གཉིས་མཚན། །ཞེས་གསུངས་པའང་གོང་དང་འདྲའོ། །རྒྱལ་ཚབ་ཆོས་རྗེའི་རྣམ་བཤད་སྙིང་པོའི་རྒྱན་ལས། སྟེང་འོག་གི་རྫི་མ་རྣམས་ལེགས་པར་གཞོལ་ཞིང་མ་འདྲེས་པས་རྫི་མ་བའི་ལྟ་བུ་ཉིད་དེ། ཞེས་ཀྱང་གསུངས་སོ། །
|