5252

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བརྒྱ་ཕྲག་ཕྱེད་དང་བཅུ་གསུམ
Tibetan Definition ཆིག་སྟོང་ཉིས་བརྒྱ་ལྔ་བཅུ། སྟོང་ཉིས་བརྒྱ་ལྔ་བཅུ། བརྒྱ་ཕྲག་ཕྱེད་དང་བཅུ་རྣམས་དོན་གཅིག བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་ཞེས་པ་རྒྱ་གར་གྱི་གྲངས་བརྩི་ཚུལ་ཡིན་ཏེ། སྒྲ་སྦྱོར་བམ་གཉིས་གླེགས་བམ་༼ ཅོ་པ ༽༡༣༢ན༧ལས། གྲངས་ལ་རྒྱ་གར་སྐད་བཞིན་དུ་བཞིན་དུ་བསྒྱུར་ན་དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་ཞེས་འབྱུང་བ་ལ་སོགས་པ་ནི་སྟོང་ཉིས་བརྒྱ་ལྔ་བཅུ་ཞེས་ཐ་མལ་པར་བོད་ཀྱི་སྐད་བཞིན་བསྒྱུར་ན་དོན་དང་ཡང་མི་འགལ་བ་བོད་ཀྱི་སྐད་ལ་ཡང་བདེ་བས་གྲངས་བསྡོམས་དུ་རུང་བ་རྣམས་བོད་སྐད་ཀྱི་ལུགས་བཞིན་དུ་ཐོགས་ཤིག ཅེས་གསུངས་སོ། །