5257

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བརྒྱ་རྩ་གཅིག
Tibetan Definition བརྒྱ་ཕྲག་དང་གཅིག གཅིག་གིས་ལྷག་པའི་བརྒྱ། སྒྲ་བཤད་ནི། བརྒྱ་ནི་བརྒྱ་ཕྲག་དང་། རྩ་ནི་ལྷག་པའི་དོན་ཡིན་པར་བུ་སྟོན་རིན་པོ་ཆེ་གསུངས་ཏེ། བུ་སྟོན་རིན་པོ་ཆེའི་ལས་བརྒྱ་རྩ་གཅིག་གི་རྣམ་པར་བཤད་པ་ཆོ་གའི་གསལ་བྱེད་༡ན༤ལས། གཅིག་ལྷག་པའི་བརྒྱ་ཐམ་པ་ནི། བརྒྱ་རྩ་གཅིག་པ་སྟེ། རྩ་ནི། ལྷག་པའི་དོན་ཏེ། རྒྱ་གར་སྐད་ལ་ཨེ་ཀོཏྟ་རི་ཀཾ་ཞེས་འབྱུང་བས་སོ། །ཞེས་གསུངས་པ་ལྟར་རོ། །