5260

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བརྒྱ་ལམ
Tibetan Definition 1 ལམ་པོ་ཆེ། མང་པོ་འགྲོ་བའི་ལམ། གཞུང་ལམ། རྒྱ་ལམ་ཡང་འཐད་ཀྱང་བརྒྱ་ལམ་ལེགས་པར་སེམས། སྒྲ་བཤད་ནི། བརྒྱ་ནི་མང་པོའི་དོན་ཡིན་པས་མང་པོ་འགྲོ་བའི་ལམ་ཡིན་པས་བརྒྱ་ལམ་ཞེས་བྱའོ། །བརྒྱ་དང་སྟོང་དང་ཁྲི་ཞེས་པ་བརྒྱ་དང་སྟོང་དང་ཁྲི་ལ་ངེས་བཟུང་གི་དོན་དུ་མི་གོ་བར་མང་པོའི་དོན་ལ་གོ་དགོས་ཏེ། དགའ་ལྡན་ལྷ་བརྒྱ། ཞེས་པ་དང་། བསྐལ་པ་སྟོང་དུ་བསགས་པ་ཡིས། །ཞེས་དང་། ཁྲི་ལམ་ (མང་པོ་འགྲོ་བའི་ལམ) ཞེས་པ་ལྟ་བུའོ། །