5264

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བརྒྱད་བཀག
Tibetan Definition (བརྡ་རྙིང) བཀའ་བཀྱོན་ནམ་བསྡིགས་པ། གདོང་དུ་རྒོལ་བ་དང་། སྨོད་པ་དང་། སྨ་ཕབ་པ། ཅོ་འདྲི་བ། བརྙས་ཐབས་བྱེད་པ། ཀྱལ་ཀ་བྱེད་པ། ཡོངས་སུ་ལབ་པ། ཚར་བཅད་པ་ རྒྱ་གད། བསྡིགས་པ། གཤེ་བ། སྤྱོ་བ། སྤྱོས་པ། བཀྱོན་པ་རྣམས་ཡུལ་སྐད་ཀྱི་ཁྱད་པར་མ་གཏོགས་ཕལ་ཆེར་དོན་འདྲའོ། །ལམ་རིམ་མཆན་བུ་བཞི་སྦྲགས་༼ ཀ ༽༥༧བ༥ལས། བརྒྱད་བཀག་ནི་བརྡ་རྙིང་སྟེ་གཞན་གྱིས་རང་ལ་བརྙས་ཐབས་བྱེད་པ་ལྟ་བུའམ་ཅོ་འདྲི་ཀྱལ་ཀ་བྱེད་པ་ལྟ་བུ་ལ་ཟེར། སྔ་མ་དག་སྟོབས་ཀྱིས་རང་དབང་མེད་པར་ཁས་ལེན་དུ་འཇུག་པ་ལྟ་བུ་ལ་ཟེར། ཡང་དེ་ནི་སྤྱོ་བོའི་བྱེ་བྲག་སྟེ། སྤྱོ་བ་ལ་སྐད་དོད་མང་བས་དོན་སོ་སོར་དགོས་པ་ནི། བཱ་རི་བྷཱ་ཥཱཿནི་སྤྱོ་བ་ནི་ཡོངས་སུ་ལབ་པའི་དོན་ནོ། །ནིརྦྷཱནྤ་ཏཿ ཡང་སྤྱོ་བའམ་བརྒྱད་པའམ་ཚར་བཅད་པའོ། །ཞེས་གསུངས་སོ། །