5272

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བརྒྱའི་ཆར་ཡང་མི་འགྲོ
Tibetan Definition བརྒྱའི་ཆར་ཡང་མི་ཕོད་ཅེས་པ་དང་འདྲ། བརྒྱད་སྟོང་པའི་དཀའ་འགྲེལ་སྙིང་པོ་མཆོག་ལས། འདིར་ཆ་ནི་ཆ་ཤས་སོ། །ཉེ་བར་མི་འགྲོ་ཞེས་བྱ་བ་ནི་མི་ཐོབ་པའི་དོན་ཏོ། །ཆར་ཡང་ཉེ་བར་མི་འགྲོ་བར་མ་ཟད་ཀྱི། །འོན་ཀྱང་མཚུངས་པའི་དོན་དུ་གྲངས་དང་ཆར་ཡང་ཉེ་བར་མི་འགྲོ་བ་ཡིན་ནོ། །ཞེས་གསུངས་སོ། །བརྒྱད་སྟོང་པ་ལས། དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་ལ་བཀུར་སྟིར་བྱས་པའི་བསོད་ནམས་མངོན་པར་འདུ་བྱས་པ་སྔ་མ་དེས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་སྟོང་གི་ཆར་ཡང་བརྒྱ་སྟོང་གི་ཆར་ཡང་བྱེ་བའི་ཆར་ཡང་བྱེ་བ་བརྒྱའི་ཆར་ཡང་བྱེ་བ་སྟོང་གི་ཆར་ཡང་བྱེ་བ་བརྒྱ་སྟོང་གི་ཆར་ཡང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ་གྲངས་སུ་ཡང་ཉེ་བར་མི་འགྲོའོ་ཆར་ཡང་བགྲང་བར་ཡང་དཔེར་ཡང་དཔེས་བསྟན་པར་བྱ་བར་ཡང་རྟེན་དུ་ཡང་རྒྱུར་ཡང་མི་བཟོད་དོ། །ཞེས་གསུངས་སོ། །