5278

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བརྗེད་ངས
Tibetan Definition དགེ་བའི་མི་མཐུན་ཕྱོགས་ལ་སེམས་གཡེང་ཞིང་དགེ་བ་ལ་སེམས་མི་གསལ་བར་བྱེད་པས་ཆ་ནས་བཞག་པའི་སེམས་བྱུང་ཞིག་ལ་ཟེར། སྒྲ་བཤད་ནི། བློ་ཡུལ་ནས་ཤོར་བའམ་བརླགས་པས་ན་བརྗེད། སྐྱེན་པའམ་མྱུར་བས་ན་ངས་ཞེས་བྱ་སྟེ། བློ་ཡུལ་ནས་འཆོར་སྐྱེན་པས་ན་བརྗེད་ངས་ཞེས་བྱ་སྟེ། འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༣༩ན༣ལས། བརྟུན་ངས་པ་ཞེས་བྱ་བ་ནི་བརྟད་སྐྱེན་པ་སྟེ། རྩོལ་བ་ལ་གཞོལ་བ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་གསུངས་པའི་ཕྱིར་རོ། །དུང་དཀར་ཚིག་མཛོད་ལས། ངས་པ་ནི། ཐལ་ཆེས་པའམ་ཐལ་དྲགས་པའི་དོན་ཏེ་བརྗེད་ངས། བརྟུན་ངས་ལྟ་བུའོ། །ཞེས་གསུངས་པ་ནི་ནོར་རོ། །བརྟུན་ངས་ནི། བརྩོན་པ་མྱུར་བའམ་སྐྱེན་པ་སྟེ། རྩོལ་བ་ལ་མྱུར་དུ་འཇུག་པའི་དོན་དང་། ཚོར་ངས་ནི། ཚོར་སྐྱེན་པའམ་མྱུར་བ་སྟེ། ཕོག་ཐུག་ཆེ་བའི་དོན་ནོ། །བོད་རྒྱ་ཚིག་མཛོད་ཆེན་མོར། ཚོར་ངད། ཅེས་ཀྱང་སྣང༌ཡང་དེའི་ཁུངས་ཚོལ། དེས་ན་ངསཞེས་པ་སྐབས་ཐོབ་ཀྱིས་དོན་མང་པོར་འཇུག་གོ་སྙམ་སྟེ། དཔེར་ན་མི་ངས་ཞེས་པའི་ངས་ནི་ནད་ལ་འཇུག་པ་ལྟ་བུའོ། །