From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བརྗེད་བྱང
|
Tibetan Definition
|
བརྗེད་ཐོ། མི་བརྗེད་པའི་ཆེད་དུ་བྲིས་པའི་ཐོ་ཡིག སྒྲ་བཤད་ནི། འདིའི་བྱངཞེས་པ་བྱང་བུའི་སྒྲ་ལས་དྲས་ཤིང་། དེ་ཡང་ཤིང་གི་བྱང་བུའི་སྟེང་དུ་བརྗེད་ཐོ་བྲིས་པའི་ཆ་ནས་བརྗེད་བྱང་ཞེས་མིང་ཐོགས་པར་སེམས་ཏེ། རྒྱུ་མཚན་ནི་གནའ་དུས་སུ་ཤོག་བུ་དཀོན་པས་ཟིན་ཐོ་གལ་ཆུང་རྣམས་ཤོག་ཐོག་ཏུ་མི་འབྲི་བར་ཤིང་བྱང་གི་སྟེང་དུ་འབྲི་སྲོལ་ཉེ་དུས་ཀྱི་བར་ཡོད་ཅིང་། བདག་གི་བླ་མ་དམ་པ་དགེ་བའི་བཤེས་གཉེན་ཆེན་པོ་བཀྲ་ཤིས་འབུམ་གྱི་ཞལ་སྔ་ནས་ཀྱིས་ཀྱང་ཤིང་གི་བྱང་བུ་ཆུང་ངུ་ཞིག་ཡོད་པ་དེར་བརྗེད་ཐོ་ཡང་ཡང་འབྲི་བར་གནང་། ཡང་ན་འདིར་བྱང་ཞེས་པ་མདོར་བསྡུས་ཀྱི་དོན་ཏེ། དཔེར་ན་ཁ་བྱང༌། མཇུག་བྱང༌། མིང་བྱང༌། སྒོ་བྱང་ཞེས་པ་ལྟ་བུའོ། །ཞེས་འདོད་པ་ཡང་ཡོད་དོ། །ཡང་མཁས་པ་འགའ་ཞིག་གིས། བརྗེད་ཐོ་བྲིས་པས་བརྗེད་པ་བྱང་བའམ་བསལ་བས་དེའི་ཆ་ནས་བརྗེད་བྱང་ཞེས་འགྲེལ་བཤད་བྱེད་མཁན་ཡང་སྣང་ཡང་དཔྱད་དོ། །
|