5289

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བརྙེས་པ
Tibetan Definition (ཕར་ཕྱིན) 1 ཐོབ་པ། རག་པ། དཔེར་ན་སངས་རྒྱས་ཀྱི་གོ་འཕང་བརྙེས། ཞེས་པ་དང་། འཇའ་ལུས་རྡོ་རྗེའི་སྐུ་བརྙེས། མཁས་པའི་གོ་འཕང་བརྙེས་ལྟ་བུ། རྗེའི་ལམ་རིམ་གསོལ་འདེབས་ལས། དབུ་མའི་ལམ་བརྙེས་འཕགས་པ་རྣམ་གྲོལ་སྡེ། །ཞེས་གསུངས། འདུལ་བ་ལུང་གཞི་༼ ཀ་པ ༽ལས། འཕགས་པ་ཁྱོད་ཀྱིས་ཡོན་ཏན་གྱི་ཚོགས་འདི་ལྟ་བུ་བརྙེས་སམ། ཐོབ་བོ། །ཞེས་དང་། ལུང་རྣམ་འབྱེད་༼ ཅ་པ ༽༢༣བ༥ལས། ཇོ་ཅོ་བཟང་བྱིན་འཕྱི་འཕྱི་བར་རང་གི་ཁབ་ཏུ་བྱོན་ནས། དེ་རང་གི་ཁབ་ནས་སྦྱིན་པ་མ་བརྙེས། ཞེས་གསུངས་པ་ལྟར་རོ། །2 མགོ་ཚུགས་པའི་དོན། རྒྱལ་ཁབ་དབུ་བརྙེས་ལྟ་བུ། 3 ཐུགས་སུ་ཆུད་པའམ། ཤེས་པ་དང་། རྟོགས་པའི་དོན་དུ། སྤྱན་རས་གཟིགས་བརྟུལ་ཞུགས་ཀྱི་ཤེས་རབ་སྒྲོན་མ་རྒྱ་ཆེར་འགྲེལ་པ་ལས་བཤད། རྒྱ་གར་གྱི་སློབ་དཔོན་མ་ཧཱ་མ་ཏིས་མཛད་པའི་སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པ་ལས། སྤྲོས་པའི་རྒྱུན་བཅད་ཞི་བའི་གནས་རྙེད་བདེ་འབྱུང་གནས། །སྐུ་གཉིས་སྐྱེད་པའི་ཡོན་ཏན་མཐའ་ཡས་གཞིར་གྱུར་པ། །ཆོས་ཀུན་རོ་གཅིག་བརྙེསཔས་སྟུག་པོའི་གནས་ཐིམ་པ། །རྒྱལ་བའི་རྒྱལ་བ་དམིགས་མི་མངའ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་རོ། །