5292

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བརྟག་པ་གཉིས་པ
Tibetan Definition (རྗེ་བཙུན་ཙོང་ཁ་པ་ཆེན་པོ) རྒྱུད་བརྟག་པ་གཉིས་པ་འདི་ལ། རྒྱ་གར་དུ་རྒྱུད་རྒྱས་པ་ལས་ཕྱུང་བར་འདོད་པ་དང་། རྒྱུད་ལོགས་པ་བསྡུས་རྒྱུད་དུ་འདོད་ཚུལ་གཉིས་འབྱུང་ཡང་། རྗེ་ཙོང་ཁ་པ་ཆེན་པོས་ནི། འདི་རྒྱུད་ལོགས་པ་བསྡུས་རྒྱུད་ཡིན་པར་བརྟག་གཉིས་ཀྱི་ཟིན་བྲིས་ལས་གསུངས་ཏེ། དེ་ཉིད་ལས། དེས་ན་བརྟག་པ་སོ་གཉིས་པ་ལས་ཕྱུང་ཞེས་པའི་དོན་ནི། རྒྱུད་རྒྱས་པ་དེ་ལས་བསྡུས་ནས་གསུངས་པའི་བསྡུད་རྒྱུད་ཡིན་པ་ལ་དགོངས་སོ། །ཞེས་གསུངས། (མཁས་པ་ཁ་ཅིག་གིས) ཀྱེ་རྡོར་གྱི་རྒྱུད་བརྟག་པ་གཉིས་པ་འདི་ཀྱེ་རྡོ་རྗེའི་རྒྱུད་འབུམ་ཕྲག་ལྔ་པ་བོད་དུ་མ་འགྱུར་བ་ཞིག་ཡོད་ཅིང་། དེ་ལས་ཕྱུང་པར་མཁས་པ་འགའ་གསུང་། རྒྱས་པ་དགྱེས་པ་རྡོ་རྗེ་ཞེས་པའི་ཐད་དུ་གཟིགས། སྒྲ་བཤད་ནི། བརྟག་པ་གཉིས་པ་ཞེས་པ་ནི་བརྟག་པ་ནི་འདིར་ལེའུའི་དོན་ཡིན་པས་ལེའུ་གཉིས་ཀྱི་བདག་ཉིད་ཅན་གྱི་རྒྱུད་ཡིན་པས། རྒྱུད་བརྟག་པ་གཉིས་པ་ཞེས་བྱའོ། །འདི་ཤཱནྟི་པ་རྗེས་འབྲང་དང་བཅས་པས། སེམས་ཙམ་དུ་བཀྲལ་བ་དང་། མཚོ་སྐྱེས། མི་ཐུབ་ཟླ་བ། བྷ་བ་བྷ་དྲ་སོགས་ཀྱིས་དབུ་མར་བཀྲལ་བ་གཉིས་ཡོད་པའི་རང་ལུགས་དབུ་མར་བཀྲལ་བ་ཡིན་ཞེས་རྗེ་ཙོང་ཁ་པ་ཆེན་པོ་གསུང་ངོ་། །བརྟག་གཉིས་ཀྱི་རྒྱུད་སྡུད་པ་པོ་ནི་རྡོ་རྗེ་སྙིང་པོ་ཡིན་པར་བྷ་བ་བྷ་དྲ་སོགས་ཀྱིས་བཤད་དོ། །