530

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁོར་ཡུག
Tibetan Definition 1 མཐའ་སྐོར་གྱི་མིང་། ཁོ་ར་ཁོར་ཡུག་དང་། ཁོར་མོ་ཡུག་ཅེས་ཀྱང་ཟེར། ཁོར་ཡུག་གི་རི་ཞེས་པ་ལྟ་བུ། བརྡ་རྙིང་དུ་ཁོར་ཟུག་ཟེར། གཞན་ཡང་། ཁོར་ཡུག་གི་ལྕགས་རིས་གླིང་བཞི་ “ཁོར་ཡུག” ཏུ་བསྐོར་ཏོ། །ཞེས་པ་ལྟ་བུ། མཆིམས་མཛོད་ལས་ཀྱང་། ཁོར་ཡུག་སྟེ་མཐའ་སྐོར་ཞེས་གསུངས་སོ། །སྒྲ་བཤད་ནི། ཁོར་ནི་ཁོར་མོའམ་འཁོར་ལོ་སྟེ། བར་མཚམས་མེད་པར་སྦྲེལ་ཞིང་མཐུད་ནས་ཡོད་པ། ཧྲིལ་པོ། རིལ་པོ། ཟླུམ་པོ་བཅས་ཀྱི་དོན་ཡིན་ལ། ཡུག་ནི། ཆ་ཚང་བའམ་ཡོངས་རྫོགས་ཀྱི་དོན་ཏེ། དཔེར་ན་རས་ཡུག་གཅིག་ཅེས་པ་ལྟ་བུའོ། །དོགས་གཅོད། འདི་ལ་འཁོར་ཡུག་ཅེས་མ་བྲིས་པར་ “ཁོར་ཡུག” ཅེས་བྲིས་པ་ནི་སྐད་གསར་བཅད་ཀྱི་སྐབས་འགྱུར་བཅོས་བྱས་པར་མངོན་ཞིང་། འདི་ལ་ཡིག་ཚོགས་ཆུང་བ་ཙམ་ལས་དམིགས་གསལ་གྱི་དགོས་པ་ལྷག་པོ་གང་ཡང་མ་མཐོང་བ་མ་ཟད། ཚིག་དེའི་ནུས་པ་ཉམས་ཤིང་། རང་གི་གོ་དོན་ལས་རྒྱང་ཐག་རིང་དུ་སོང་ལ་གོ་དཀའ་རུ་བཏང་འདུག་པ་འདི་ནི་སྐད་གསར་བཅད་ཀྱི་ཉེས་པའོ། །དེ་དང་འདྲ་བ་མང་པོ་ཡོད་དེ། དཔེར་ན་གཉེན་བྱེད་པ་ལ་སྨྱན་བྱེད་པ་དང་། བསྙུང་གནས་ལ་སྨྱུང་གནས། རླུང་རྟ་ལ་ཀླུང་རྟ། གཉིད་ལམ་ལ་རྨྱིད་ལམ། ཨ་ཉོག་ལ་ཨ་མྱོག བྱ་བརྙངས་ལ་བྱ་རྨྱང་ཞེས་འབྲི་བ་ལྟ་བུས་མཚོན་ནོ། །དེ་དག་ལས་ནོར་བའམ་གོ་རྒྱུ་མེད་པ་མང་པོ་ཞིག་ནི་མ་དག་རྒྱུན་འབྱམས་སུ་སོང་སྟེ་ད་དུང་ཁྱབ་བརྡལ་ཆེ་བ་བྱུང་འདུག དཔེར་ན་ཀླུང་རྟ་དང་། སྨྱུང་གནས་ལྟ་བུའོ། །ད་དུང་དེ་དང་འདྲ་བ་མང་དུ་སྣང་ངོ་། །