5303

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བརྟན་པ
Tibetan Definition 2 རྣམ་དཔྱོད་དང་ལྡན་པའམ་མཁས་པའི་མིང་། བྱིས་པའི་ལྡོག་ཕྱོགས། ཚོམས་ལས། བརྟན་པས་བཙོན་ར་འདྲ་བའི་ཁྱིམ་སྤངས་ཀྱི། །འཇིག་རྟེན་ཕལ་པས་འདོད་སྤང་ནུས་རེ་སྐན། །ཞེས་གསུངས། ཆེད་དུ་བརྗོད་པའི་ཚོམས་ཀྱི་འགྲེལ་པ་༼ ཏུ ༽༧༩བ༡ལས། བརྟན་པ་ནི་མཁས་པ་སྟེ་འདོད་པའི་ཉེས་དམིགས་ཤེས་པའོ། །ཞེས་གསུངས། ཆེད་དུ་བརྗོད་པའི་ཚོམས་ཀྱི་འགྲེལ་པ་༼ ཏུ ༽༡༢༢ན༦ ལས། བརྟན་པ་ནི་བློ་དང་ལྡན་པ་སྟེ། ཞེས་སོ། །