From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བརྟབས་པ
|
Tibetan Definition
|
མྱུར་བ། མགྱོགས་པོ། ཚ་གི་ཚི་གི། བློ་འཚབ་པ། རིངས་པ། བྲེལ་བ། སྐྲག་པ། བྲེད་པ། འཇིགས་སྣང༌། བྲེལ་བ་དང་དངངས་སྐྲག་འཚུབ་འཚུབ། རྗེའི་འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོ་ལས། མ་བརྟབས་འཁོར་གྱི་དཀྱིལ་འཁོར་ཀུན་ཏུ་གྲགས། ཞེས་གསུངས་པ་ལྟར་རོ། ། (མ་བརྟབས་ཞེས་པ་གསུང་གི་ཡོན་ཏན་ཞིག་ཡིན) བརྟབས་པ་དང་། བརྟབས་བརྟབས་པོ་གཉིས་ནི། ཤས་ཆེ་ཆུང་གི་ཁྱད་པར་ཙམ་མོ། །དཔེར་ན་མགྱོགས་པོ་དང་། མགྱོགས་པོ་མགྱོགས་པོར། རིངས་པ་དང་། རིངས་པ་རིངས་པར་ཞེས་པ་ལྟ་བུ་ལན་གཉིས་བཟླས་པ་ནི་ཆེས་ཆེར་གྱི་དོན་མཚོན་པ་ཡིན་ནོ། །མ་བརྟབས་ཞེས་པའི་ཐད་དུ་གཟིགས།
|