From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| བརྟུན་ངས
|
| Tibetan Definition
|
(འདུལ་བ) བྱ་བ་གང་ཞིག་ལ་རྟག་དཔྱད་མེད་པར་གྱ་ཚོམ་དུ་འཇུག་སྐྱེན་པའམ་མྱུར་བའི་དོན་ཡིན། དབྱིན་སྐད་དུ་ impulsive ཟེར་བ་དེ་རང་ཡིན་པར་སེམས། ལུང་རྣམ་འབྱེད་༼ ཅ ༽༡༣༠ བ༥ལས། བདག་གི་ཆུང་མ་དེ་ཡང་གཏུམ་པ། བརྟུན་ངས་པ། དྲག་ཤུལ་ཆེ་བ་ཡིན་པས་བུ་དེ་ལ་བསྙེན་བཀུར་བྱེད་པར་མི་འགྱུར་ན། ཞེས་གསུངས་པ་ལྟར་རོ། །འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༣༩ན༣ལས། བརྟུན་ངས་པ་ཞེས་བྱ་བ་ནི་བརྟད་སྐྱེན་པ་སྟེ། རྩོལ་བ་ལ་གཞོལ་བ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་གསུངས་པའི་ཕྱིར་རོ། །བསྟན་དར་ལྷ་རམས་པས། བརྟུན་ངེས་པ་ནི་བརྩོན་པ་ལྷོད་པ་དང་། གཟུ་ལུམ་དང་རང་བཟོ་ཞེས་གསུངས་ཀྱང་། བརྟུན་ངེས་པ་ནི་ཡི་གེ་མ་དག་ཅིང་། བརྟུན་ངས་ཀྱི་གོ་དོན་རྣམས་ལའང་དཔྱད་དགོས་པར་སྣང་ངོ་། །
|