5311

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བརྟུལ
Tibetan Definition (རྟུལ་བའི་འདས་མ་འོངས) 1 (འདུལ་བ) བསྡུས་པ། འདུལ་བའི་གཞུང་རྣམས་སུ། གནས་མལ་བརྟུལ་ཞེས་པ་ལྟ་བུ་དང༌། བརྟུལ་བ་བྱས་སམ་བྱེད་དུ་འཇུག་པ་ཞེས་པ་ལྟ་བུ། 2 སྙིང་སྟོབས། བརྟུལ་བ་བརྟན་པ་ཞེས་དང༌། དཔའ་བརྟུལ་ཞེས་པ་ལྟ་བུ། 3 བརྩོན་འགྲུས། རྩོལ་བ། མའི་སོ་ཐར་གྱི་མདོའི་འགྲེལ་པ་ལས། སྦོམ་དགའ་མོས་དེ་ལ། སང་དག་འཆི་འམ་སུས་ཤེས་ཀྱིས། །དེ་རིང་ཉིད་དུ་བརྟུལ་ཏེ་བྱ། །འཆི་བདག་སྡེ་ཆེན་དེ་དང་ནི། །བདག་དང་བཤེས་པ་མ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །4 རྣོ་ཟད་པའམ་རྣོན་པོ་མ་ཡིན་པའང་འཇུག རྟུལ་གྱི་ཐད་དུ་གཟིགས།