5326

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བརྡ་སྤྲོད་པ
Tibetan Definition 1 སུམ་རྟགས་སམ་སྒྲའི་གཞུང༌། སུམ་རྟགས་སམ་སྒྲའི་གཞུང་ལ་ལེགས་སྦྱར་དུ་བྱཱ་ཀ་ར་ཎ་ཞེས་བྱ་ལ། དེ་ནི་ལུང་སྟོན་པ་ཞེས་པ་ཡིན་ལ་དེ་ལས་བརྡ་སྤྲོད་པ་ཞེས་པའི་མིང་རིམ་གྱིས་ཆགས་ཤིང༌། བོད་དུ་སུམ་རྟགས་ལ་ལུང་སྟོན་པ་ཞེས་པའི་ཐ་སྙད་འདི་མ་འཇགས་པར་བརྡ་སྤྲོད་པ་ཞེས་པའི་ཐ་སྙད་ཆགས་པའི་རྒྱུ་མཚན་གང་ཡིན་དཔྱད། སྒྲ་བཤད་ནི། བཤད་བྱའམ་བརྗོད་བྱའི་དོན་གཞན་ལ་གོ་བརྡ་སྤྲོད་པས་ན་བརྡ་སྤྲོད་པ་ཞེས་བྱ་བ་ཡིན་སྟེ། དགག་ལན་ཚངས་པའི་ཐིག་གི་སྤུན་ཟླ་༦༡ལས། བརྡ་སྤྲོད་པ་ནི། སྒྲའི་མཚན་ཉིད་དམ་བརྗོད་དོན་གྱི་བརྡ་གདུལ་བྱ་ལ་ངོ་སྤྲད་ནས་གོ་བར་བྱེད་པ་ཡིན་ཞིང༌། ཞེས་གསུངས་པ་ལྟར་དང༌། ལུང་སྟོན་པ། གོ་བརྡ་སྤྲོད་པ། ངོ་སྤྲོད་པ་རྣམས་མིང་གི་རྣམ་གྲངས་ཡིན།