533

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁོར་ཡུག
Tibetan Definition 4 རང་ཉིད་གང་དུ་འཚོ་གནས་བྱ་ཡུལ་གྱི་རང་བྱུང་གི་སྣོད་ཀྱི་འཇིག་རྟེན་ནམ། སའི་གོ་ལ་འདི་ཉིད་ལ་དེང་སང་ཁོར་ཡུག་ཅེས་ཐ་སྙད་བྱེད། འདིའི་ནང་མཁའ་དབུགས་དང་ཆུ། རྩི་ཤིང་ནགས་ཚལ་མེ་ཏོག ས་རྡོ་རི་བྲག དེར་གནས་པའི་སྲོག་ཆགས་ཆེ་ཆུང་། གཏེར་རྫས་དང་ཉི་མའི་འགྱེད་འཕྲོ། གནམ་གཤིས་ཚ་གྲང་སོགས་མདོར་ན་རང་བྱུང་གི་འབྱུང་བའི་ཁམས་དང་དེར་གནས་པའི་སེམས་ཅན་གཉིས་ཀ་འདུས་ཡོད། འདི་དབྱིན་སྐད་ཀྱི་environment ཞེས་པའི་ཐ་སྙད་འདིའི་སྐད་དོད་དུ་བེད་སྤྱོད་བྱེད་ཅིང་། འདི་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་དབྱིན་སྐད་ལ་གཞི་བྱས་ཏེ་ལོ་ཤས་སྔོན་གསར་བཟོ་བྱས་པའི་ཐ་སྙད་ཅིག་ཡིན་པས། བོད་རྒྱ་ཚིག་མཛོད་ཆེན་མོ་སོགས་བོད་ཀྱི་ཚིག་མཛོད་གཞན་རྣམས་སུ་འདིའི་གོ་དོན་མི་གསལ་མེད་དོ། །