5330

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བརྡེག་པར་གཟས་པའི་ལྟུང་བྱེད
Tibetan Definition (འདུལ་བ) འབའ་ཞིག་པ་དགུ་བཅུའི་ཞེ་དགུ་པ། བརྡེག་པར་གཟས་པའི་ལྟུང་བྱེད་ཀྱི་ངོ་ཏི་ནི། བཅས་ལྡན་དགེ་སློང་གི་རྙོག་པ་ཅན་གྱི་སེམས་ཀྱིས་དགེ་སློང་གཞན་ལ་བརྡེག་པར་གཟས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གླེང་གཞི་ནི། མཉན་ཡོད་དུ་འཆར་ཀས་དགེ་སློང་ལ་བརྡེག་པར་གཟས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིགས་ཀྱི་སེམས་བདེ་བ་ལ་གནོད་པའོ། །སྒྲ་བཤད་ནི། བརྡེག་པའི་ཕྱིར་ལག་པ་བཏེག་ནས་གཞུ་གྲབས་བྱེད་པའམ་གཞུ་བའི་སྟངས་ཀ་བྱེད་པ་ལ་ཟེར། གཟས་པ་ལ་གཟིགས།