5331

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བརྡེག་འཆའ་བ
Tibetan Definition གོམ་འགྲོས་འཁྱོར་བའམ། གོམ་ཚུགས་འཆོར་བའི་དོན་ཡིན། རྗེའི་ལམ་རིམ་ཆེན་མོའི་སྐྱེས་བུ་ཆེན་པོའི་དབུར་གཟིགས་ན་ཤེས་ནུས་ཤིང་། ཚིག་དེའི་ཐད་ཀའི་དོན་ནི། རྐང་པ་ས་ལ་གཞག་པའམ་འཛུགས་པའི་དོན་ཏེ། དེ་ཡང་སྤྱིར་བརྡེག་པ་ནི་གཞུ་བ་དང་སྣུན་པའི་དོན་ཡིན་ཀྱང་། འདིར་རྐང་པ་ས་ལ་གཞག་པའམ་གོམ་པ་སྤོ་བའི་དོན་ཙམ་ཡིན་ལ། འཆའ་བ་ནི་འདིར་དེ་ལྟ་བུའི་བྱ་བའི་མིང་ངོ་། །དཔེར་ན་དཀྱིལ་མོ་ཀྲུང་འཆའ་བ་ཞེས་པ་ལྟ་བུའོ། །སྤྱིར་འཆའ་བ་ནི་བཅའ་བའམ་བྱེད་པའམ་བཟོ་བའི་དོན་ནོ། །ཡང་རྐང་པ་འདྲེད་པ་དང་། འགྱེལ་བ། ཁ་སྦུབ་ལོག་པ་བཅས་ཀྱི་དོན་དུ་བཤད་པའང་མཐོང་། བསྟན་དར་ལྷ་རམས་པས། བརྡེག་འཆའ་བ་དང་བརྡེག་ཆོས་ནི་འགྱེལ་བའི་མིང་ཞེས་གསུངས། རྗེའི་ལམ་རིམ་ཆེན་མོ་ལས། རང་གི་མ། དྲན་པ་རྣལ་དུ་མི་གནས་པར་སྨྱོ་ཞིང་མིག་ལོང་བ་ལོང་ཁྲིད་མེད་པ་ཞིག་གོམ་པ་རེ་རེ་ནས་བརྡེག་འཆའ་ཞིང་གཡང་ཁ་འཇིགས་སུ་རུང་བ་ལ་མངོན་པར་ཕྱོགས་ནས་འགྲོ་ན། ཞེས་དང་། བསླབ་བཏུས་ལས། ཉོན་མོངས་ཀྱིས་སྨྱོ་གཏི་མུག་ལྡོངས། །གཡང་ས་མང་པོའི་ལམ་དུ་ནི། །གོམ་པ་རེ་རེ་བརྡེག་འཆའ་བ། །བདག་དང་གཞན་རྟག་མྱ་ངན་གཞི། །འགྲོ་བ་རྣམས་ནི་སྡུག་བསྔལ་མཚུངས། །ཞེས་གསུངས་སོ། །རྡེག་འཆའ་བ་ཞེས་བྲིས་པའང་སྣང་ངོ་། །