5332

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བརྣག་པ
Tibetan Definition 1 བསམ་པ། ཡིད་ལ་བསམ་པ། མནག་པ་དང་དོན་གཅིག་ཡིན། སློབ་སྤྲིངས་དཀའ་འགྲེལ་༼ ངེ་པ ༽༡༢༡བ༣ལས། བརྣག་པ་ནི་བསམ་པའོ། །ཞེས་གསུངས། སློབ་སྤྲིངས་ལས། སྐྱེ་ཤི་ཉོན་མོངས་སྡུག་བསྔལ་འཇོམས་པའི་སངས་རྒྱས་དག །ཕྱོགས་དང་ཕྱོགས་སུ་བརྣག་པ་བཞིན་དུ་ནམ་ཞར་འབྱུང་བར་ཤོག །ཅེས་གསུངས་པ་ལྟར་རོ། །