5333

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བརྣག་པ
Tibetan Definition 2 མྱོང་བ། ཉམས་སུ་མྱོང་བ། སློབ་སྤྲིངས་དཀའ་འགྲེལ་༼ ངེ་པ ༽༡༡༤ན༦ལས། བརྣག་པ་ནི་ཉམས་སུ་མྱོང་བས་སོ། །ཞེས་གསུངས་སོ། །རྗེའི་ལམ་རིམ་ཆེན་མོ་༡༣༨བ༥ལས། སློབ་སྤྲིངས་ལས། ཤིན་ཏུ་མི་བཟད་དྲི་ང་མི་གཙང་བཅེར་བས་འགགས། །རབ་ཏུ་དོག་པ་མུན་གནག་འཐིབས་པོར་འདུག་པའི་མི། །མངལ་གནས་དམྱལ་བ་ལྟ་བུའི་ནང་དུ་དེ་ཞུགས་ནས། །ལུས་ཡོངས་བསྐུམས་ལ་སྡུག་བསྔལ་ཆེན་པོ་བརྣག་དགོས་སོ། །ཞེས་གསུངས་སོ། །འདི་སྐུ་འབུམ་དང་། བཀྲིས་ལྷུན་པོ། ཞོལ་སྤར་མ་བཅས་སྤར་མ་གསུམ་གའི་ནང་དེ་ལྟར་སྣང་ཞིང་། འོན་ཀྱང་སྡེ་དགེ་སྤར་མ་སློབ་སྤྲིངས་༤༧བ༣ལས། ཤིན་ཏུ་མི་བཟད་དྲི་ང་མི་གཙང་གཅེར་བས་བགགས།། རབ་ཏུ་དོག་པ་མུན་ནག་ཐིབས་པོར་འདུག་པའི་མི། །མངལ་གནས་དམྱལ་བ་ལྟ་བུའི་ནང་དུ་དེ་ཞུགས་ནས། །ལུས་ཡོངས་བསྐུམ་ལ་སྡུག་བསྔལ་ཆེན་པོ་བརྣག་དགོས་སོ། །ཞེས་རྗེའི་ལམ་རིམ་དུ་དྲངས་པའི་སློབ་སྤྲིངས་དང་མི་མཐུན་པར། གཅེར། བགགས། མུན་ནག ཐིབས་པོར། བསྐུམ་བཅས་དག་ཆ་མི་འདྲ་བ་མང་དུ་སྣང་བས་དཔྱད་པར་འཚལ་ལོ། །རྗེའི་ལམ་རིམ་སྤར་གསར་ཞིག་ཏུ། མནག་ཅེས་བྲིས་པའང་སྣང་ངོ་། །