5336

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བརྣངས་པ
Tibetan Definition 2 བཀག་པ། གང་བ། བརླན་པ། མིག་མཆི་མས་བརྣངས་ཞེས་པ་མིག་མཆི་མས་བཀག་པའམ་གང་བའི་དོན་དུ་དབྱངས་ཅན་དགའ་བློའི་འདུལ་བའི་གླེང་འབུམ་ཆེན་མོ་ལས་བྱུང་བའི་མིང་བརྡ་གོ་དཀའ་བ་རྣམས་བཤད་པ་ལས་བཤད་དོ། །འདུལ་བ་ལུང་གཞི་གླེགས་བམ་༼ ང་པ ༽ལས། བྱང་ཆུབ་སེམས་དཔའ་ནི་འདི་འདྲ་བའི་དཀའ་བ་སྤྱོད་དེ། ཏིལ་འབྲུ་གཅིག་དང༌། འབྲས་འབྲུ་གཅིག་དང༌། སྲན་ཀོ་ལ་འབྲུ་གཅིག་དང༌། རྒྱ་སྲན་འབྲུ་གཅིག་དང༌། མོན་སྲན་གྲེའུ་འགྲུ་གཅིག་དང༌། མོན་སྲན་སྡེའུ་འབྲུ་གཅིག་གི་ཟས་གསོལ་ཞིང་རྩྭའི་གདིང་བ་ལ་མནལ་ཏོ་ཞེས་སྨྲའོ། །དེ་རྒྱལ་པོ་ཟས་གཙང་གིས་ཐོས་ནས་བུའི་མྱ་ངན་གྱིས་ནོན་པས་ལྷག་པར་སྙིང་ཁར་ན་ཞིང་མིག་མཆི་མས་བརྣངས་ཏེ་གདུངས་ནས། བཙུན་མོའི་འཁོར་དང་བཅས་པར་རྩྭའི་གདིང་བ་ལ་ཉལ་བར་བྱེད་དོ། །བཙུན་མོ་གྲགས་འཛིན་ཡང་ཁྱིམ་ཐབ་ཀྱི་གནས་སྐབས་དེ་ཐོས་ནས་ཁྱིམ་ཐབ་ཀྱི་མྱ་ངན་གྱིས་ནོན་ཏེ་གདོང་མཆི་མས་རླན་ཅིང༌། མེ་ཏོག་ཕྲེང་དང༌། རྒྱན་དང་སྤུད་པ་རྣམས་བོར་ནས་དཀའ་བ་སྤྱོད་པར་བྱེད་དེ། ཏིལ་འབྲུ་གཅིག་དང༌། འབྲས་འབྲུ་གཅིག་དང༌། སྲན་ཀོ་ལ་འབྲུ་གཅིག་དང༌། རྒྱ་སྲན་འབྲུ་གཅིག་དང༌། མོན་སྲན་གྲེའུ་འབྲུ་གཅིག་དང༌། མོན་སྲན་སྡེའུ་འབྲུ་གཅིག་གི་ཟས་ཟ་ཞིང་རྩྭའི་གདིང་བ་ལ་ཉལ་བར་བྱེད་དོ། །ཞེས་དང་། རྒྱ་ཆེར་རོལ་པའི་མདོ་ལས་ཀྱང་། དེས་བྱང་ཆུབ་སེམས་དཔའ་ལུས་བསྐམས་ཤིང་འཆི་བའི་དུས་བྱས་པ་དང་འདྲ་བ་མཐོང་ངོ། །མཐོང་ནས་མཆི་མས་བརྣངས་ཤིང་ངུས་ནས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཞེས་དང་། དཀོན་བརྩེགས་༼ ཁ་པ ༽ལས། ཁྱོད་ཀྱི་ཕ་དང་མ་ཡང་མཆི་མས་བརྣངས་ཤིང་འདུག ཅེས་གསུངས་སོ། །