5338

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བརྣབ་སེམས
Tibetan Definition གཞན་གྱི་ནོར་དང་ཡོ་བྱད་སོགས་ལ་དམིགས་ནས་དེ་དག་ང་ལ་བྱུང་ན་སྙན་པའི་བློ་དེ་ལ་ཟེར། སྒྲ་བཤད་ནི། གཞན་ནོར་ལ་ཆགས་པའི་སེམས་ཡིན་པས་ན་དེ་སྐད་ཅེས་བྱའོ། །མདོ་སྡེ་དྲན་པ་ཉེར་གཞག་༼ ཡ་པ ༽༨༧ན་༢ལས། བརྣབ་སེམས་ནི་གཞན་གྱི་འབྱོར་བ་མཐོང་ནས་ཤིན་ཏུ་རྟོག་པར་བྱེད། སེམས་ཀྱིས་འདོད་པར་བྱེད། རྫས་འདི་ནི་བདག་གིར་བྱའོ་སྙམ་སྟེ། བརྣབ་སེམས་འདི་ནི་ཡིད་ཀྱི་ཆད་པ་དང་པོ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །