5348
Jump to navigation
Jump to search
བརྩོན་འགྲུས་ཀྱི་སྟོབས | |
Tibetan Definition | རྣམ་རྟོག་དང་ཉེ་ཉོན་བྱུང་བ་ཕྲ་མོ་ཡང་རྩོལ་བས་སྤོང་བས་དང་དུ་མི་ལེན་ཞིང༌། དེ་ལྟར་བྱས་པས་བྱིང་རྒོད་ལ་སོགས་པས་ཏིང་ངེ་འཛིན་ལ་བར་དུ་གཅོད་པར་མི་ནུས་པར་རྒྱུན་ཆགས་སུ་སྐྱེ་བའི་ཏིང་ངེ་འཛིན་འགྲུབ་པའི་བརྩོན་འགྲུས་སྟོབས་ཆེ་བ་ཞིག་ལ་ཟེར། སྟོབས་དྲུག་གི་ལྔ་པའོ། །འདིས་སེམས་གནས་བདུན་པ་རྣམ་པར་ཞི་བར་བྱེད་པ་དང་བརྒྱད་པ་རྩེ་གཅིག་ཏུ་བྱེད་པའི་སེམས་གཉིས་འགྲུབ་པར་བྱེད་དོ། ། |
---|