5361

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བརླིང་བ
Tibetan Definition བརླིང་པོ་དང་དོན་གཅིག 1 རྟོག་དཀའ་བའི་དོན། རྗེའི་སྔགས་རིམ་ཆེན་མོ་ལས། འཕགས་ལུགས་ཀྱི་གཞུང་ཤིན་ཏུ་བརླིང་བས་གསལ་པོར་ཐོན་དཀའ་བར་སྣང་ནའང་གོ་ཡུལ་དང་ཉམས་མྱོང་ཕྲན་ཚོགས་ཀྱིས་ཆོག་ཤེས་མ་བྱས་པར་ལྷ་དང་བླ་མ་ལ་གསོལ་བ་རིང་དུ་བཏབ་ནས་ཤིན་ཏུ་མཁས་པའི་གཞུང་ལ་བརྟེན་ཏེ་སྦྱངས་ན་གཞུང་གདམས་ངག་ཏུ་འཆར་ཐུབ་པ་ཡིན་ནོ། །ཞེས་གསུངས་སོ། །2 བརྟན་པ། བརྟན་པོ། འགྱུར་བ་མེད་པ། རྗེའི་ལེགས་བཤད་གསེར་ཕྲེང་ལས། འདིར་འཇིག་ཚོགས་ལ་ལྟ་བའི་རི་བོ་ཉི་ཤུ་མཐོ་ལ་བརླིང་བས་ངོས་ཀུན་ནས་བསྐོར་ཅིང། མ་རིག་པའི་མུན་པ་སྟུག་པོ་ཅན། ཞེས་གསུངས་པ་ལྟ་བུ། 3 གཅེས་པའམ་གལ་ཆེ་བའི་དོན། དཔལ་ལྡན་ཟླ་བའི་འཇུག་པ་རང་འགྲེལ་ལས། དེ་ཡང་ཆེས་བརླིང་བ་ཡིན་ཏེ། དེ་མེད་ན་སངས་རྒྱས་ཉིད་མི་འགྲུབ་པས་སོ། །ཞེས་དང་། དེའི་ཐད་ཀྱི་རྗེའི་འཇུག་པའི་ཊཱིཀ་ཆེན་ལས། སངས་རྒྱས་ཀྱི་རྒྱུ་ཕུན་ཚོགས་ནི་ཆེས་བརླིང་བ་སྟེ་ཤིན་ཏུ་གཅེས་པ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །