From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| བལ་ཐོགས་པའི་སྤང་པ
|
| Tibetan Definition
|
(འདུལ་བ) སྤང་ལྟུང་སུམ་ཅུའི་བཅུ་དྲུག་པ། བལ་ཐོགས་པའི་སྤང་པའི་ངོ་ཏི་ནི། བཅས་ལྡན་དགེ་སློང་གིས་ཁུར་ཚ་བ་མེད་ན་དཔག་ཚད་གསུམ་དང་རྒྱང་གྲགས་གཅིག་ལས་འདས་པར་བལ་ཁུར་ཁྱེར་བ་དང་། ཁུར་ཚ་བ་ཡོད་བཞིན་དུ་དགེ་སློང་རང་གིས་ཁུར་ན་རྐྱང་གྲངས་གཅིག་འདས་པ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །གླེང་གཞི་ནི། མཉན་ཡོད་དུ་དྲུག་སྡེ་ལས་འཆར་ཀ་མ་གཏོགས་པ་རྣམས་ཀྱིས་བལ་ཁུར་ཏེ་འོངས་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་མ་དད་པ་སྐྱེ་བ་དང་། དོན་དང་བྱ་བ་མང་བའོ། །
|