5364

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བལ་ནག་པོ་འབའ་ཞིག་གི་སྤང་པ
Tibetan Definition (འདུལ་བ) སྤང་ལྟུང་སུམ་ཅུའི་བཅུ་གཉིས་པ། ལུག་གི་བལ་ནག་པོ་འབའ་ཞིག་གི་སྤང་པའི་ངོ་ཏི་ནི། བཅས་ལྡན་དགེ་སློང་གིས་ལུག་གི་བལ་ནག་པོ་འབའ་ཞིག་གི་སྟན་བྱས་སམ་བྱེད་དུ་བཅུག་སྟེ། བྱེད་པ་མཐར་ཐུག་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གླེང་གཞི་ནི། མཉན་ཡོད་དུ་དགེ་སློང་རབ་ཏུ་མང་པོས་ལུག་གི་བལ་ནག་པོ་འབའ་ཞིག་གི་སྟན་བྱས་པ་ལས་སྤང་པའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་འདོད་པ་ཆེས་པ་དང་། དོན་དང་བྱ་བ་མང་བའོ། །