5365

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བལ་པོ་སེའུ
Tibetan Definition སེའུ་འབྲུའི་མིང་། ལེགས་སྦྱར་གྱི་སྐད་དུ་ “དཱ་ཌི་མ” दाडिम ཟེར། དབྱིན་སྐད་དུ་pomegranate ཟེར། ས་སྐྱ་ལེགས་བཤད་ལས། བལ་པོའི་སེའུ་མ་ཟོས་ཀྱང་།། ཁ་དོག་ཉིད་ལས་བྲོ་བ་ཤེས། །ཞེས་འབྲེལ་སྒྲ་ཡོད་ཀྱང་། བྱེ་བྲག་རྟོགས་བྱེད་ཆེན་པོ་༦༦རྒྱབ་གཟིགས་དང་། དཀོན་བརྩེགས་༼ ཀ ༽ཤོག་གྲངས་གཉིས་པའི་རྒྱབ་གཟིགས་སུ། བལ་པོ་སེའུ་ཞེས་འབྲེལ་སྒྲ་མེད་པ་སྣང་ངོ་། །འབྲུག་རྒྱལ་ཡོངས་ཀྱི་དྲ་རྒྱའི་ཚིག་མཛོད་དུ་བལ་པོ་སེའུ་ཞེས་པ་རྒྱ་གར་གྱིས་ “ཨམ་རཱུད” अमरूद དང་། དབྱིན་སྐད་དུ་guava ཟེར་བ་དེ་ལ་ངོས་འཛིན་བྱས་འདུག་ཀྱང་ནོར་བར་ངེས་སོ། །