5368

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བལ་རྨེལ་དུ་འཇུག་པའི་སྤང་པ
Tibetan Definition (འདུལ་བ) སྤང་ལྟུང་སུམ་ཅུའི་བཅུ་བདུན་པ། བལ་རྨེལ་དུ་འཇུག་པའི་སྤང་པའི་ངོ་ཏི་ནི། བཅས་ལྡན་དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་བལ་རྨེལ་དུ་འཇུག་གམ་འཁྲུར་འཇུག་གམ་འཚེད་དུ་འཇུག་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གླེང་གཞི་ནི། མཉན་ཡོད་དུ་འཆར་ཀས་དགེ་སློང་མ་ལ་བལ་རྨེལ་དུ་བཅུག་པ་ལས་སྤང་པའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཆགས་པས་རྒྱུ་བྱས་ཏེ་རང་རིགས་ཀྱི་བསླབ་པ་ལ་གནོད་པ་སྟེ། སྔར་ཁྲུར་འཇུག་གི་སྐབས་དང་འདྲའོ། །