5371
Jump to navigation
Jump to search
བལྟམ་པ | |
Tibetan Definition | གང་བའི་དོན་ཏེ། གཏམས་པ་དང་དོན་གཅིག འདུལ་བ་ལུང་གཞི་༼ ང ༽༡༣བ༡ལས། དེ་ནས་འདུན་པ་གདོང་ལ་མཆི་མ་ཆར་བཞིན་འབབ་པས་བྱང་ཆུབ་སེམས་དཔའ་ལ་གསོལ་པ། སེང་གེ་སྟག་གིས་བལྟམ་པ་དང༌། །ཕྱུགས་རྗེས་བལྟམ་པའི་ནགས་ཚལ་དུ། །འབའ་ཞིག་སྐུ་གཉེན་དང་བྲལ་ནས། །འཕགས་པ་ཇི་ལྟར་སྤྱོད་པར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །གོང་གི་རྐང་པ་གཉིས་ཀྱི་དོན་ནི། སེང་གེ་དང་སྟག་གིས་གང་བ་དང་། །ཕྱུགས་རྗེས་ཀྱིས་གང་བའི་ནགས་ཚལ་དུ། །ཞེས་པའི་དོན་ནོ། ། |
---|