From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| བཤད་ཡམ
|
| Tibetan Definition
|
སྐབས་དོན་དང་མ་འབྲེལ་བའི་དོན་མེད་ཀྱི་བཤད་ཆ་མང་པོ། སྒྲ་བཤད་ནི། བཤད་ནི་སྐད་ཆ་བཤད་པ་དང་ཡམ་ནི་མང་པོའམ་འབྱམས་ཀླས་པའི་དོན་ནོ། །ཡམ། ཡམས། འབྱམས་རྣམས་ནི་མང་པོ་དང་མཐའ་ཡས་པ་དང་ཁྱབ་བརྡལ་དུ་སོང་བ་སོགས་ཀྱི་དོན་ནོ། །དཔེར་ན་བཤད་ཡམ། ནད་ཡམས། འབྱམས་ཀླས་ལྟ་བུའོ། །སི་ཏུ་འགྲེལ་ཆེན་ལས། སྐབས་དོན་དང་མི་མཐུན་པའི་མིང་དོན་ལྷག་པོ་ཁ་ཤས་བསྣན་ནས་དགོས་མེད་ཀྱི་བཤད་ཡམ་བྱེད་པ་ནི་རིགས་པར་སྨྲ་བའི་མཁས་པ་རྣམས་ཀྱི་མདུན་སར་མཛེས་པ་མ་ཡིན་ནོ། །ཞེས་གསུངས་པ་ལྟ་བུའོ། །
|