5389

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཤད་ལུང༌
Tibetan Definition ཚིག་འབྲུ་རེ་རེ་ནས་འགྲེལ་བཤད་རྒྱས་པར་བྱེད་པའི་ཁྲིད་རྒྱུན། བཤད་ལུང་ལ་གཞུང་ཚིག་རྣམས་བླ་མས་ཚིག་གཅིག་ཀྱང་ཆད་ལྷག་མེད་པར་བཏོན་དགོས་ཤིང༌། ཅི་སྟེ་ཆད་ལུས་ཀྱི་སྐྱོན་བྱུང་ན་འཕྲལ་དུ་ཡར་ཞུ་དགོས། བཤད་ལུང་གི་རིགས་རྣམས་ཐེངས་འགའ་ཤས་ཞུ་བའི་རྒྱུ་མཚན་ཡང༌། གལ་ཏེ་བླ་མས་མ་ཐོན་པའམ་རང་གིས་རྣ་བ་ལེགས་པར་མ་བཏད་པ་སོགས་ཀྱིས་ཉེས་པས་ཆད་ལུས་སུ་སོང་ཡོད་ན། ལན་འགའ་ཤས་ཞུས་པས་ཕན་ཚུན་གུན་གསབ་ལྟ་བུས་མཐར་བཤད་ལུང་ཆ་ཚང་བ་ཞིག་འཐོབ་པའི་དགོས་པ་ཡོད་ཅེས་བླ་མ་རྣམས་གསུང་ངོ༌། །བཤད་ལུང་ལ་བླ་མས་བར་གསེང་མ་བཞག་ན་ཆབ་གསང་ལ་འགྲོ་བ་དང༌། གཉིད་ཁུག་པ། སྐད་ཆ་བཤད་པ་སོགས་གཏན་ནས་མི་རིགས། ཅི་སྟེ་དེ་འདྲའི་དབང་དུ་སོང་ན་བཤད་ལུང་ཐོབ་མེད་པས་རང་གིས་གཞན་ལའང་བཤད་ལུང་འབུལ་བའི་ཐོབ་ཐང་ཡང་མེད་དོ། །བཀླག་ལུང་ལའང་འདྲའོ། །བཤད་ལུང་དང་། བཤད་ཁྲིད་གཉིས་ལ་ཁྱད་པར་ཆེ། བཤད་ཁྲིད་ཅེས་པ་བཤད་བྱ་གང་ཞིག་ལ་འགྲེལ་བཤད་རྒྱས་པར་བྱེད་པ་ཙམ་ལ་ཟེར་བས། བཤད་རྒྱུན་མ་ཐོབ་ཀྱང་བཤད་ཁྲིད་ཙམ་བྱེད་པ་ལ་དགག་བྱ་མེད། འོན་ཀྱང་བཤད་ལུང་མ་ཐོབ་པར་གཞན་ལ་བཤད་ལུང་བྱེད་མི་ཆོག་གོ།