From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བསམ་གཏན་གྱི་སྡོམ་པ
|
Tibetan Definition
|
(མཛོད) བསམ་གཏན་གྱི་དངོས་གཞི་དག་པ་བ་ལ་བརྟེན་ནས་འཆལ་ཚུལ་ཀུན་ནས་སློང་བའི་ཀུན་སློང་འགོག་པའི་རིགས་སུ་གནས་པའི་སེམས་པ་དེ་བསམ་གཏན་གྱི་སྡོམ་པའི་མཚན་ཉིད། ཅེས་པཎ་ཆེན་བློ་གྲོས་ལེགས་བཟང་གི་འདུལ་ཊཱིཀ་རིན་ཆེན་ཕྲེང་བའི་དགོངས་རྒྱན་ལས་བཤད། མཛོད་རང་འགྲེལ་ལས། བསམ་གཏན་གྱི་སྡོམ་པ་ནི་གཟུགས་ན་སྤྱོད་པ་རྣམས་ཀྱི་ཚུལ་ཁྲིམས་ཡིན་ནོ། །ཟག་མེད་ཀྱི་སྡོམ་པ་ནི་ཟག་པ་མེད་པའི་ཚུལ་ཁྲིམས་ཡིན་ནོ། །ཞེས་གསུངས། མཆིམས་མཛོད་ལས། སེམས་ཀྱི་རྗེས་འབྲང་གི་གཟུགས་ཟག་བཅས། བསམ་གཏན་གྱི་སྡོམ་པའི་མཚན་ཉིད། མཚན་གཞི་ནི། ཟག་བཅས་ཀྱི་མཉམ་བཞག་ལས་སྐྱེས་པའི་སྤོང་བདུན་ལྟ་བུ། ཡང་མཛོད་ཊཱིཀ་ཐར་ལམ་གསལ་བྱེད་ལས། གཟུགས་སུ་གཏོགས་པའི་ཚུལ་ཁྲིམས། བསམ་གཏན་གྱི་སྡོམ་པའི་མཚན་ཉིད། ཅེས་གསུངས། ཡང་བཤད་ཚུལ་གཞན་ཞིག་ལ། བསམ་གཏན་གྱི་དངོས་གཞི་དག་པ་བ་ལ་བརྟེན་ནས་འཆལ་ཚུལ་གྱི་ཀུན་སློང་འགོག་པའི་སེམས་ལ། བསམ་གཏན་གྱི་སྡོམ་པ་ཞེས་བཤད་དོ། །
|