From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བསམ་བརླག
|
Tibetan Definition
|
བླུན་པོ། རྨོངས་པ། ལོག་པར་ཤེས་པའམ་འཁྲུལ་བ་དང་ལྡན་པ། བསམ་བློའི་ནུས་པ་མ་སྨིན་པ། བསམ་བློ་གཏོང་མི་ཤེས་པ། བསམ་པ་ཉམས་པ། མ་སྨིན་པ་བཅས་ཀྱི་དོན། སློབ་སྤྲིངས་དཀའ་འགྲེལ་༡༡བ༣ལས། བསམ་བརླག་ནི་མ་སྨིན་པའོ། །ཞེས་གསུངས། སློབ་སྤྲིངས་ཀྱི་འགྲེལ་པ་༡༢༦བ༡ལས། བསམ་པ་ཉམས་པ་ནི་བསམ་བརླག་ཅེས་ཚིགས་སུ་བཅད་པ་གཅིག་གོ །ཞེས་དང་། ཚོམས་ཀྱི་འགྲེལ་པ་༡༢༧ན༦ལས། བསམ་བརླག་ཅེས་བྱ་བ་འདིས་ནི་ལོག་པར་ཤེས་པ་དང་ལྡན་པར་བསྟན་ཏོ། །ཞེས་གསུངས། ཁྱད་པར་འཕགས་བསྟོད་ལས་ཀྱང་། དེ་ལྟར་ཐམས་ཅད་མཁྱེན་མིན་པའི། །གྲུབ་མཐའི་སྐྱོན་གྱིས་བརླག་སེམས་ལྡན། །བསམ་བརླག་རྣམས་ཀྱིས་སྐྱོན་མེད་པའི། །སྟོན་པ་ཁྱོད་ཀྱང་མི་མཐོང་ངོ་། །ཞེས་དང་། ཚོམས་ལས་ཀྱང་། བག་མེད་པ་ལ་སྦྱོར་བྱེད་པ། །སྐྱེ་བོ་བྱིས་པ་བསམ་བརླག་ཡིན། །ཚོང་དཔོན་ནོར་རྣམས་བསྲུང་བ་ལྟར། །མཁས་པས་བག་དང་ལྡན་པར་བྱ། །ཞེས་དང་། བསམ་བརླག་འདོད་ལ་སྲེད་པ་ཡིས། །བདག་དང་གཞན་ཡང་ཕུང་བར་བྱེད། །ཅེས་གསུངས་སོ། །
|