5452

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསོད་ནམས་ཅན
Tibetan Definition ཚེ་རིང་བ་དང་ནད་མེད་པ། སྟོབས་འབྱོར་དང་ལོངས་སྤྱོད་ཆེ་བ། ཅི་བསམ་ཡིད་བཞིན་དུ་འགྲུབ་པའི་གང་ཟག་ལྟ་བུ་ལ་ཟེར། རྒྱ་ཆེར་རོལ་པའི་མདོ་ལས། བསོད་ནམས་རྣམ་སྨིན་བདེ་སྟེར་སྡུག་བསྔལ་ཐམས་ཅད་སེལ། །བསོད་ནམས་ལྡན་པའི་མི་ཡི་བསམ་པ་རྣམས་ཀྱང་འགྲུབ། །བདུད་བཅོམ་ནས་ནི་བྱང་ཆུབ་མྱུར་དུ་རེག་པར་འགྱུར། །མྱ་ངན་འདས་པ་ཞི་བ་བསིལ་བའི་དངོས་པོ་ཐོབ། །དེ་བས་བསོད་ནམས་བྱ་བས་ཆོག་པར་སུ་ཞིག་འཛིན། །བདུད་རྩི་ཆོས་མཉན་པས་ཀྱང་ཆོག་པར་སུ་ཞིག་འཛིན། །སྐྱེ་བོ་མེད་པའི་ནགས་གནས་ཆོག་པར་སུ་ཞིག་འཛིན། །སེམས་ཅན་དོན་བྱ་བས་ཀྱང་ཆོག་པར་སུ་ཞིག་འཛིན། །བྱང་ཆུབ་སེམས་དཔས་ལག་པ་བརྐྱངས་ཏེ་ཚིག་བརྗོད་པ། །མཆོད་པ་བྱས་ཀྱི་རང་རང་དག་གི་ཞིང་དུ་དེངས། །ཞེས་གསུངས། མིང་གི་རྣམ་གྲངས་ནི། མངོན་བརྗོད་མཁས་པའི་རྣ་རྒྱན་ལས། དཔལ་ཡོན་ལྡན་པ་ལེགས་བྱས་པ། །ཆོས་ཅན་སྐལ་བ་ལྡན་པ་དང་། །བཟང་བྱས་པ་དང་ཁར་རྗེ་ཅན། །ལེགས་ལྡན་བསོད་ནམས་ལྡན་པའོ། །ཞེས་གསུངས་པ་ལྟར་རོ། །