5468

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྐལ་པ་བཟང་པོ
Tibetan Definition བསྐལ་པ་འདི་ཆགས་པའི་སྔོན་རོལ་དུ་སྟོང་གསུམ་ཐམས་ཅད་ཆུའི་རྒྱ་མཚོ་ཆེན་པོ་གཅིག་ཏུ་གྱུར་ཏེ་ཡོད་པ་ལ་མེ་ཏོག་པདྨ་འདབ་མ་སྟོང་སྐྱེས་ནས་འདུག་པ་དང་གཙང་རིས་ཀྱི་ལྷ་རྣམས་ཀྱིས་རྒྱུ་མཚན་ཅི་ཡིན་ཞེས་མངོན་ཤེས་ཀྱིས་བརྟགས་པས། ད་རེས་ཀྱི་བསྐལ་པ་འདི་ལ་སངས་རྒྱས་སྟོང་ཕྲག་འབྱོན་པར་དེའི་དོན་གྱིས་ཡིན་པར་ཤེས་ཏེ། ད་རེས་ཀྱི་བསྐལ་པ་འདི་ནི་བཟང་པོ་ཡིན་ནོ་ཞེས་བསྐལ་པའི་མིང་བཟང་པོར་བཏགས་སོ། །བསྐལ་པ་བཟང་པོ་ཞེས་བརྗོད་པའི་རྒྱུ་མཚན་ནི། འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༨༥བ༣ལས། བསྐལ་པ་བཟང་པོ་ཞེས་བྱ་བ་ནི་ཤིན་ཏུ་བཀྲ་ཤིས་པ་སྟེ་བསོད་ནམས་དང་ལྡན་པའོ། །ཞེས་གསུངས་སོ། །