5495

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྒོ་གྱུར་གྱི་ལྟུང་བ
Tibetan Definition (འདུལ་བ) ལྟུང་བ་དངོས་གཞི་རྫོགས་པར་སྐྱེད་པ་ལ་བཞམས་བསྒོ་གསོལ་བཞི་ཞེས་པའི་བསྒོ་བའམ་བཟློག་བསྒོ་ལ་ལྟོས་པའི་ལྟུང་བ་ལ། བསྒོ་གྱུར་གྱི་ལྟུང་བ་ཟེར། དཔེར་ན་དབྱེན་གྱི་ལྷག་མ། དེ་རྗེས་ཕྱོགས་ཀྱི་ལྷག་མ། ཁྱིམ་སུན་འབྱིན་པའི་ལྷག་མ། བཀའ་བློ་མི་བདེ་བའི་ལྷག་མ་ལ་སོགས་པ་བཅུ་ལ་ཟེར་རོ། །ལྷག་མ་དང་པོ་དགུ་པོ་ལ་དངོས་པོ་ལས་གྱུར་པ་ཞེས་བརྗོད་དེ། དེ་བཟློག་པ་ལ་མ་ལྟོས་པར་བྱ་བ་དེ་ལ་ཞུགས་པ་ཉིད་ཀྱིས་ལྟུང་བ་དངོས་གཞི་རྫོགས་པར་འགྱུར་བ་ཡིན་པའི་ཕྱིར་རོ། །སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་འདུལ་ཊཱིཀ་ལ་གཞི་བྱས།