5515

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྔོ་བ
Tibetan Definition 1 དགེ་རྩ་རྣམས་འདུན་པ་དྲག་པོས་གཞན་ལ་སྒྱུར་བར་བྱེད་པ་ལ་ཟེར། ཡང་ན་དགེ་བ་རྣམས་གཞན་ལ་བྱིན་པར་བསམ་པ་ལ་ཟེར། ཕན་ཡོན་ནི། དགེ་རྩའི་འབྲས་བུ་ནམ་ཡང་མི་འཛད་པ་སྟེ། བསྔོ་སྨོན་གྱིས་རྒྱས་བཏབ་པའི་དགེ་རྩ་ནི་དངུལ་ཁང་དུ་བཅོལ་བའི་དངུལ་དང་འདྲ་བ་ཡིན། དེ་དག་གི་མ་བརྒྱན་པའི་དགེ་རྩ་ནི་རང་ཤག་ཏུ་བཞག་པའི་དངུལ་དང་འདྲ་བར་ནམ་ཞིག་ན་ཁོང་ཁྲོའི་ཆོམ་རྐུན་གྱིས་ཕྲོགས་ཏེ་ཆུད་ཟ་ཉེན་ཡོད། འདི་ལ་ཕན་ཡོན་གཞན་ཡང་ཡོད་དེ། རྗེའི་ལམ་རིམ་ཆེན་མོ་ལས། བསྔོ་བས་ནི་བསགས་པ་དང་སྦྱངས་པ་དང་སྤེལ་བའི་དགེ་བ་རྣམས་ཉུང་ངུའང་ཆེས་མང་བར་སྤེལ་བ་དང་གནས་སྐབས་སུ་འབྲས་བུ་ཕྱུང་སྟེ་ཟད་པར་འགྱུར་བ་རྣམས་ཀྱང་ནམ་ཡང་མི་ཟད་པར་བྱེད་པ་སྟེ་བསྡུ་ན་བསག་པ་དང་སྦྱང་བ་དང་སྤེལ་ཞིང་མི་ཟད་པར་བྱེད་པ་གསུམ་དུ་འདུའོ། །ཞེས་གསུངས་སོ། །སྔོ་བཞིན་པ། བསྔོས་ཟིན་པ། བསྔོ་བར་འགྱུར་བ། སྔོས་ཤིག་ལྟ་བུ།