5522

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྔོ་བ་དང་སྨོན་ལམ་གྱི་ཁྱད་པར
Tibetan Definition བསྔོ་བྱའི་རྫས་ཡོད་མེད་ཀྱི་སྒོ་ནས་བཞག་སྟེ། བསྔོ་བྱའི་རྫས་དམིགས་རྟེན་དུ་བཟུང་ནས། དགེ་རྩ་འདིའི་སྟོབས་ཀྱིས་འབྲས་བུ་འདི་དང་འདི་ཞེས་བྱ་བར་གྱུར་ཅིག་ཅེས་སྨོན་པ་ནི་བསྔོ་བ་དང་། བསྔོ་བྱའི་རྫས་མེད་པར། འདི་དང་འདི་ལྟར་འགྱུར་བར་ཤོག་ཅིག་ཅེས་སྨོན་པ་ནི་སྨོན་ལམ་ཙམ་མོ། །སྤྱོད་འཇུག་དར་ཊཱིཀ་ལས། བསྔོ་བ་དང་སྨོན་ལམ་ཁྱད་པར་ཆེར་མེད་མོད་ཀྱི། འདོད་བྱའི་འབྲས་བུ་དོན་གཉེར་གྱི་འདུན་པས་ཁྱད་པར་དུ་བྱས་པ་སྨོན་ལམ་དང་། རྒྱུའི་དགེ་བ་རྣམས་འབྲས་བུ་དེའི་རྒྱུར་འགྱུར་བའི་འདུན་པས་ཁྱད་པར་དུ་བྱས་པ་བསྔོ་བའོ། །ཞེས་གསུངས། ཡང་ན། དེ་གཉིས་ཀྱི་ཁྱད་པར་ནི། དབུས་མཐའ་ལས། མི་ཟད་པ་དང་རྟག་འཇུག་དང་། །ཞེས་བསྔོ་བས་སྔར་བྱས་ཀྱི་དགེ་བ་མི་ཟད་པར་བྱེད་པ་དང་། སྨོན་ལམ་ནི་སླར་ཡང་དགེ་བ་ལ་རྟག་ཏུ་འཇུག་པའི་རྒྱུར་འགྱུར་བས་བྱེད་ལས་ཀྱི་སྒོ་ནས་སོ་སོར་གསུངས་ཞེས་མཁས་པ་ཁ་ཅིག་གསུངས། རྒྱལ་ཚབ་ཆོས་རྗེས། བསྔོ་སྨོན་གཉིས་ཕལ་ཆེར་འདྲ་བར་གསུངས་ལ། རྗེ་གུང་ཐང་པས་དེ་གཉིས་སྤྱི་བྱེ་བྲག་ལྟ་བུར་གསུངས། འགའ་ཞིག་གིས། གང་གིས་བསྔོ་བའི་རྒྱལ་པོ་འདི་ཐོས་ནས། །ཞེས་སོགས་ལ་བརྟེན་ནས་དེ་གཉིས་དོན་གཅིག་ཏུ་བཤད་པ་ཡང་ཡོད་དོ། །རྒྱས་པར་རྗེ་གུང་ཐང་པའི་བསྟན་འབར་མའི་ཊཱིཀྐཱར་བཤད།