5523

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྔོ་བགྲང
Tibetan Definition གྲངས་བཤེར་བྱེད་པ། དཔེར་ན་དགོང་མོ་ཉལ་ཁར་ད་ནངས་ནམ་ལངས་ནས་ད་ལྟའི་བར་དགེ་བ་གང་བྱས། སྡིག་ལྟུང་ཇི་བྱུང་གི་རྩིས་བཤེར་བྱས་ཏེ། དགེ་བ་བྱས་པར་རྗེས་སུ་ཡི་རང་དང་། སྡིག་པ་བྱས་པར་འགྱོད་སེམས་དང་སྡོམ་སེམས་བསྟེན་ཏེ་སང་དེ་རིང་བས་དྲག་པ་ཞིག་བྱ་སྙམ་པའི་དམ་བཅའ་དང་བློ་སྟོབས་བསྐྱེད་པ་ལ་ཟེར། བསྔོ་བགྲང་ཞེས་པའི་བསྔོ་བ་དང་བགྲང་བ་གཉིས་ཀ་གྲངས་ཀ་བགྲང་བ་དང་རྩིས་བཤེར་བྱེད་པའི་དོན་ཡིན་ཏེ། འདུལ་བ་གཞིི་རྒྱ་ཆེར་འགྲེལ་པ་ལས། བསྔོས་པ་ཞེས་བྱ་བ་ནི་བགྲངས་པ་ནའོ། །ཞེས་གསུངས་པའི་ཕྱིར་རོ། །