From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བསྔོས་བསྒྱུར་གྱི་སྤང་པ
|
Tibetan Definition
|
(འདུལ་བ) སྤང་ལྟུང་སུམ་ཅུའི་ཉེར་དགུ་པ། བསྔོས་བསྒྱུར་གྱི་སྤང་པའི་ངོ་ཏི་ནི། སྦྱིན་བདག་གིས་དགེ་སློང་གཞན་ལ་བསྔོས་པའི་གོས་སམ་ལྷུང་བཟེད་དེ་བཅས་ལྡན་དགེ་སློང་གིས་བདག་ཉིད་ལ་བསྒྱུར་ཏེ་ཐོབ་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གླེང་གཞི་ནི། མཉན་ཡོད་དུ་སྦྱིན་བདག་གིས་དགེ་འདུན་ལ་བསྔོས་པ་ཉེ་དགས་རང་ལ་བསྒྱུར་བ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི། རང་རིགས་ཀྱི་ལོངས་སྤྱོད་ལ་གནོད་པ་དང། རང་འདོད་པ་ཆེས་པའོ། །བསྔོས་པ་གཞན་དུ་བསྒྱུར་བའི་སྤང་པ་ཡང་ཟེར།
|