5530

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྙེན་གནས
Tibetan Definition (འདུལ་བ) ཡུལ་དགེ་བསྙེན་ནམ་དེ་ཡན་ཆད་བསྙེན་གནས་ལ་གནས་པ་གང་ཡང་རུང་བའི་མདུན་དུ། མི་ཚངས་སྤྱོད་སོགས་རྩ་བ་བཞི་དང་། མལ་ཆེ་མཐོ་སོགས་ཡན་ལག་བཞི་སྟེ་སྤང་བྱ་བརྒྱད་ཉིན་ཞག་ཕྲུགས་གཅིག་གི་རིང་སྤོང་བར་ཁས་བླངས་པའི་གང་ཟག་ལ། བསྙེན་གནས་ཟེར། སྤང་བྱ་བརྒྱད་ནི། ༡ མི་ཚངས་སྤྱོད། ༢ མ་བྱིན་ལེན། ༣ སྲོག་གཅོད། ༤ བརྫུན་དུ་སྨྲ་བ་སྟེ་རྩ་བ་བཞི་དང་། ཡན་ལག་བཞི་ནི། ༥ མལ་སྟན་ཆེ་བ་དང་མཐོ་བ། ༦ ཆང་འཐུང་བ། ༧ གར་བྱེད་པ། སོགས་སྒྲས་བསྟན་པ་གླུ་དང་རོལ་མོ་བྱེད་པ། མགོར་འཕྲེང་བ་འཆིང་བ། སོགས་སྒྲས་བསྟན་པ་སྤོས་འབྱུག་པ། རྒྱན་འདགས་པ། དྲི་བཟང་གིས་ཁ་དོག་སྒྱུར་བར་བྱེད་པ་དང༌། (གར་སོགས་འཕྲེང་སོགས་གཉིས་གྲངས་གཅིག་ཏུ་བགྲང་ངོ) ༨ ཕྱི་དྲོའི་ཁ་ཟས་ཟ་བ་རྣམས་ཡན་ལག་བཞི་ཡིན་ནོ་ཞེས་པའོ། ། རྗེའི་འདུལ་བ་རྒྱ་མཚོའི་སྙིང་པོ་ལས། རྩ་བ་བཞི་དང་ཡན་ལག་བཞི། །བརྒྱད་སྤོང་བསྙེན་གནས་སྡོམ་པའོ། །མི་ཚངས་སྤྱོད་དང་མ་བྱིན་ལེན། །སྲོག་གཅོད་བརྫུན་དུ་སྨྲ་བ་རྣམས། །རྩ་བ་བཞི་ཡིན་མལ་ཆེ་མཐོ། །ཆང་འཐུང་གར་སོགས་ཕྲེང་སོགས་དང༌། །ཕྱི་དྲོའི་ཁ་ཟས་ཡན་ལག་བཞི། །ཞེས་གསུངས། སྒྲ་བཤད་ནི། ཐར་པའི་གོ་འཕང་ལ་བསྙེན་པ་སྟེ་ཉེ་བར་བྱེད་པས་ན་བསྙེན་གནས་ཞེས་བྱའོ། །