5533

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྙེན་པ
Tibetan Definition 2 (མིང་ཚིག) ཡི་དམ་ལྷ་ཡི་གཟུངས་སྔགས་ཟློ་ཞིང་ལྷ་བསྒོམ་པ་ལ་བསྙེན་པ་ཟེར། ལྷ་དང་ཐག་ཉེ་བར་བྱེད་པའི་ཐབས་ཤིག་གོ། བསྙེན་པའི་ཞེ་སར། ལྗགས་བསྙེན་ཟེར། བསྙེན་པ་ལ་དབྱེ་ན། དུས་ཀྱི་བསྙེན་པ། གྲངས་ཀྱི་བསྙེན་པ། མཚན་མའི་བསྙེན་པ། སེམས་བརྟན་པའི་བསྙེན་པ་དང་བཞི། (དང་པོ་དུས་ཀྱི་བསྙེན་པ་ནི) ཟླ་བ་དྲུག་གམ་གསུམ་དུ་བསྙེན་པ་བྱེད་པ་ལ་ཟེར། (གྲངས་ཀྱི་བསྙེན་པ་ནི) བསོད་ནམས་ཆེན་པོས་ཁྲི་ཕྲག་གཅིག བསོད་ནམས་འབྲིང་གིས་འབུམ་ཕྲག་གཅིག བསོད་ནམས་ཆུང་ངུས་བྱེ་བ་གཅིག་བྱེད་ཐོད་པའི་རྒྱུད་ལས་གསུངས་པར་བཤད། (མཚན་མ་མཐོང་བའི་བསྙེན་པ་ནི) ཡི་དམ་གྱི་ལྷའི་ཞལ་གཟིགས་བྱུང་བ། དེ་ལ་ཡེ་ཤེས་པ་ཡི་ལྷ་ཡང་ཡང་བསྟིམ་པས་སྐུ་གཟུགས་ཀྱི་གཟི་མདངས་རྒྱ་ལྷག་པར་རྒྱས་པ་ལ། མཚན་མའི་བསྙེན་པ་ཟེར། (སེམས་བརྟན་པའི་བསྙེན་པ་ནི) བསྐྱེད་རིམ་རགས་པ་གྲུབ་པ་ལ། སེམས་བརྟན་པའི་བསྙེན་པ་ཟེར་རོ། །བསྙེན་པ་ལམ་དུ་སོང་བའི་རྟགས་མཚན་ནི། ༡ ངང་རྒྱུད་ཤིན་ཏུ་དུལ་ཞིང་ཉམ་བདེ་བར་ཐུགས་དམ་བྱེད་པའི་སྐབས་སུ། བཀྲེས་སྐོམ་ཆུང་བ། ༢ ནད་ལས་ཐར་བ། ༣ ཉམས་རྟོགས་བཟང་བ། ༤ གཟི་མདངས་ཆེ་བ། ༥ རྨི་ལམ་བཟང་བ། ༦ བདེན་པར་རྨི་བ། ༧ བཟླས་བརྗོད་སྤྲོ་བ། ༨ ངལ་བ་ཆུང་བ། ༩ དྲི་ཞིམ་བྲོ་བ། ༡༠ ལུང་རྟོག་རྒྱས་པ། ༡༡ ཡོན་ཏན་ལྷུར་ལེན་པ། ༡༢ རང་གི་ལྷག་པའི་ལྷར་དད་གུས་ཆེ་རུ་སོང་བ་རྣམས་ཡིན་པར་རྗེའི་གསུངས་པར། ཀློང་རྡོལ་བླ་མ་གསུང་བ་ལྟར་རོ། །