5542

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྙེན་རྫོགས
Tibetan Definition <ཨུ་པ་སམ་པནྣ> (འདུལ་བ) 1 དགེ་སློང་ཕ་མ། 2 དགེ་སློང་ཕ་མའི་སྡོམ་པ། སྒྲ་བཤད་ནི། བསྙེན་པ་ནི་ཉེ་བའམ་ཉེ་བར་བྱེད་པ་དང་། རྫོགས་པ་ནི་མྱ་ངན་འདས་པ་དོན་ཏེ། མྱང་འདས་ལ་ཉེ་བའམ་ཉེ་བར་བྱེད་པ་ཞེས་པའི་དོན་ནོ། །དེས་ན་དགེ་སློང་གི་སྡོམ་པ་ཡང་དག་པར་བླངས་ན་བསམ་པ་ཐམས་ཅད་ཀྱིས་མྱ་ངན་ལས་འདས་པ་དང་། ཁད་ཉེ་བར་གྱུར་པས་བསྙེན་པར་རྫོགས་པའམ་རྫོགས་པར་བསྙེན་པ་ཞེས་བྱའོ། །མྱང་འདས་ལ་རྫོགས་པ་ཞེས་པའི་རྒྱུ་མཚན་ནི། གནོད་པ་ཐམས་ཅད་དང་བྲལ་ཞིང་ཕུན་སུམ་ཚོགས་པ་ཐམས་ཅད་རྫོགས་པས་དེ་སྐད་ཅེས་བྱའོ། །འདུལ་བ་གཞི་རྒྱ་ཆེར་འགྲེལ་ལ་གཞི་བྱས། སྐད་དོད་ཨུ་པ་སམ་པནྣ་ཞེས་པའི་ཨུ་པ་ནི་བསྙེན་པའམ་ཉེ་བར་བྱེད་པ། སམ་པནྣ་ནི་ཡང་དག་པར་སོང་བས་ན་རྫོགས་པ་སྟེ་མྱང་འདས་ཀྱི་དོན་ཡིན་པས། བསྙེན་རྫོགས་ཞེས་བསྒྱུར་མོད། འོན་ཀྱང་རྫོགས་བསྙེན་ཞེས་བསྒྱུར་ན་གོ་བདེ་བར་སྣང་སྟེ། འདུལ་བ་ལུང་གཞི་དང་དེའི་འགྲེལ་པ་རྣམས་སུ་རྫོགས་བསྙེན་ཞེས་འབྱུང་ཞིང་། ངག་སྒྲོན་གྱི་འགྲེལ་པ་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་གྱིས་མཛད་པ་ལས་ཀྱང་། འདི་རྫོགས་བསྙེན་དུ་ཡང་འགྱུར་ཞེས་གསུངས་སོ། །གོ་བ་བླང་དུས་ཚིག་སྔ་ཕྱི་གོ་ལྡོག་སྟེ་ཚིག་འགྲེལ་བྱེད་དགོས་པ་མང་དུ་ཡོད་དེ། དཔེར་ན་ལོངས་སྤྱོད་རྫོགས་ཞེས་པ་དང་། ཤེས་བཞིན་དང་། ཤེས་རབ་ལྟ་བུ་རྣམས་སོ། །