5546

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྙེན་སྒྲུབ་ཡན་ལག་བཞི
Tibetan Definition བསྙེན་པ། ཉེར་སྒྲུབ། བསྒྲུབ་པ། སྒྲུབ་ཆེན་གྱི་ཡན་ལག་དང་བཞིའོ། །1 (དགེ་ལུགས) གསང་འདུས་ལྟ་བུར་སྦྱར་ན། (བསྙེན་པའི་ཡན་ལག) དེ་ཉིད་ཞེ་དགུའི་གནས་ཀྱི་དེ་ཉིད་ནས། དེ་བཞིན་ཉིད་ལས་བྱང་ཆུབ་པའམ་འཆི་བ་ཆོས་སྐུར་འཁྱེར་བའི་ལམ་འཁྱེར་ལྷག་མོས་འོད་གསལ་དུ་འཇུག་པའི་དེ་ཉིད་ཀྱི་བར་རོ། །སྒྲ་བཤད་ནི། ཅིའི་ཕྱིར་བསྙེན་པའི་ཡན་ལག་ཅེས་བྱ་ཞེ་ན། ཡུལ་སྟོང་པ་ཉིད་ལ་ཡུལ་ཅན་ཡེ་ཤེས་དེས་ཡང་དང་ཡང་དུ་བསྙེན་ཅིང་དམིགས་པས་ན་བསྙེན་པ་ཞེས་བྱ། (ཉེར་སྒྲུབ་ཀྱི་ཡན་ལག) ཉི་མ་ལ་སོགས་ལའང་དམིགས་ཏེ་ལྡང་བའི་དེ་ཉིད་ནས་ཡན་ལག་ཁྲོ་བོར་བསྐྱེད་པའི་བར་ནི། ཉེར་སྒྲུབ་ཀྱི་ཡན་ལག སྒྲ་བཤད་ནི། ཅིའི་ཕྱིར་ཉེར་སྒྲུབ་ཅེ་ན། གང་ལ་ཉེ་བར་བྱ་རྒྱུའི་ཡུལ་ནི་ཡེ་ཤེས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ལ། དེ་ལ་ཁད་ཀྱིས་ཉེ་བར་བྱེད་པའི་སྔགས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་སྒྲུབ་པས་ན་ཉེར་སྒྲུབ་ཅེས་བྱའོ། ། (བསྒྲུབ་པའི་ཡན་ལག) སྐུ་བྱིན་རླབས་ནས་མཆོད་བསྟོད་ཀྱི་བར་ནི། བསྒྲུབ་པའི་ཡན་ལག་གོ། སྒྲ་བཤད་ནི། ཅིའི་ཕྱིར་བསྒྲུབ་པ་ཞེ་ན། སྒྲུབ་པ་པོའི་ལུས་ངག་ཡིད་གསུམ་དང་། སངས་རྒྱས་ཀྱི་རྡོ་རྗེ་གསུམ་དབྱེར་མེད་དུ་བསྒྲུབ་པས་ན་བསྒྲུབ་པ་ཞེས་བྱའོ། ། (བསྒྲུབ་པ་ཆེན་པོའི་ཡན་ལག) མཆོད་པ་ནས་དཀྱིལ་འཁོར་ཉེར་བསྡུའི་བར་ནི་སྒྲུབ་པ་ཆེན་པོའི་ཡན་ལག་གོ། སྒྲ་བཤད་ནི། ཅིའི་ཕྱིར་བསྒྲུབ་པ་ཆེན་པོ་ཞེ་ན། གཞན་དོན་རྒྱ་ཆེན་པོ་ལ་འཇུག་པས་ན་བསྒྲུབ་པ་ཆེན་པོ་ཞེས་བྱའོ། །རྒྱས་པར་དེ་ཉིད་ཞེ་དགུ་ལ་གཟིགས། (མདོར་བསྡུས་ཏེ་བཤད་ན གསང་འདུས་སྨོན་ལམ་གྱི་འགྲེལ་པར་བཤད་པ་ལྟར) ཡེ་ཤེས་ཀྱི་ས་སྒོམ་པ་ནས་ལྷག་མོས་འོད་གསལ་དུ་སྡུད་པའི་བར་ནི་བསྙེན་པ་དང་། འོད་གསལ་ལས་ཉི་མའི་དཀྱིལ་འཁོར་དུ་ལངས་ཏེ་ལུས་དཀྱིལ་སྒོམ་པའི་བར་ནི་ཉེར་སྒྲུབ། སྐུ་གསུང་ཐུགས་བྱིན་གྱིས་བརླབས་ནས་རིགས་བདག་གིས་རྒྱས་འདེབས་པའི་བར་ནི་བསྒྲུབ་པ། རིག་མ་འདུ་བྱ་བ་ནས་བསྐྱེད་རིམ་མཐར་ཕྱིན་ཏེ་ལས་རབ་འབྱམས་སྒྲུབ་པའི་བར་ནི་སྒྲུབ་ཆེན་གྱི་ཡན་ལག་སྟེ་བཞིའོ། །2 (བཀའ་བརྒྱུད) རྟེན་གཞལ་ཡས་ཁང་བསྐྱེད་པ་བསྙེན་པ། བརྟེན་པ་ལྷ་བསྐྱེད་པ་ཉེར་སྒྲུབ། སྐུ་གསུང་ཐུགས་སོགས་བྱིན་གྱིས་རློབ་པ་བསྒྲུབ་པ། དབང་བསྐུར་སོགས་བསྒྲུབ་པ་ཆེན་པོའོ། །ཞེས་གསུངས་པ་ལྟར་རོ། །