5559

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྟན་པ་ཐམས་ཅད་གྲུ་བཞི་ལམ་གྱིས་འཁྱེར་ཤེས་པ
Tibetan Definition མདོ་སྔགས་ཀྱི་གནད་ཐམས་ཅད་གང་ཟག་གཅིག་འཚང་རྒྱ་བའི་ལམ་དུ་བསྡུས་ནས་ཉམས་སུ་ལེན་ཤེས་པ་ལ་ཟེར། དེའི་དོན་ལ། མཁས་པ་འགའ་ཞིག་གིས། ཤོའི་རྡེའུ་ཇི་ལྟར་འཕང་ཡང་གྲུ་བཞི་ལམ་གྱིས་འབབ་པ་བཞིན། ཉམས་ལེན་གྱི་སྒོ་གང་ནས་བརྩམས་ཀྱང་བསྟན་པའི་གནད་ཐམས་ཅད་དེའི་ནང་དུ་ཁྲིག་ཁྲིག་འདུས་ནས་འོང་བ་ལ་བཞེད། ཡང་གཞན་དག་གིས། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི། བསླབ་པ་གསུམ་དང་སྔགས་ཀྱི་ལམ་སྟེ་ལུང་རྟོགས་ཀྱི་གྲུ་བཞི་བཞིར་བྱས་ནས་དེ་ཐམས་ཅད་ཚང་བའི་དོན་དུ་བཞེད། རྗེ་ངག་དབང་བྱམས་པས། ལམ་གྱི་གཙོ་བོ་རྣམ་པ་གསུམ་དང་གསང་སྔགས་དང་བཅས་པ་ལ་ཟེར་ཏེ། ངེས་འབྱུང་གི་བསམ་པ་རྣམ་དག་འཁོར་བཅས་གྲུ་གཅིག མན་ངག་བདུན་དང་བསླབ་བྱ་ཕར་ཕྱིན་དང་པོ་ལྔ་དང་བཅས་པ་གྲུ་གཅིག ཤེས་རབ་ཀྱི་ཕར་ཕྱིན་མཐའ་བྲལ་ལྟ་བའི་སྐོར་གྲུ་གཅིག གསང་སྔགས་རྡོ་རྗེ་ཐེག་པའི་སྐོར་གྲུ་གཅིག་ཏུ་འཇོག རྗེའི་བསྟོད་པ་དོན་ལྡན་མའི་འགྲེལ་པ་ལ་གཞི་བྱས། རྗེའི་ལམ་རིམ་ཆེན་མོ་ལས། དགེ་བའི་བཤེས་གཉེན་སྟོན་པ་རིན་པོ་ཆེའི་ཞལ་ནས་ཀྱང༌། བསྟན་པ་ཐམས་ཅད་གྲུ་བཞི་ལམ་གྱིས་འཁྱེར་ཤེས་པ་ངའི་བླ་མ། ཇོ་བོ་རྗེ་ཞེས་གསུངས་ཏེ། ཚིག་འདི་དཔྱད་གཞི་ཤིན་ཏུ་ཆེ་བ་ཡིན་ནོ། །ཞེས་གསུངས།