5567

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྟན་པའི་ཐ་མ
Tibetan Definition ཆོས་བསྟན་པའི་མཇུག་ཏུའམ་མཐར་ཞེས་པའི་དོན་ཡིན། རྗེའི་ལམ་རིམ་ཆེན་མོ་ལས། དགེ་བཤེས་སྟོན་པའི་ཞལ་ནས། ཐེག་ཆེན་གྱི་བླ་མ་བྱ་བ་བཤད་པ་ན་འབྱམས་ཀླས་པར་གོ་བ་བསྐྱེད་ལ་ལག་ཏུ་ལེན་པ་ན་བསྟན་པའི་ཐ་མ་ལ་གང་ཕན་དང་ཐད་ཀར་དོན་དུ་གང་འགྱུར་སྟོན་པ་ཞིག་དགོས་གསུང་ངོ་། །ཞེས་པའི་བསྟན་པའི་ཐ་མ་ལ་བཤད་ཚུལ་གཉིས་ཙམ་སྣང་སྟེ། བ་སོའི་ཆོས་རྗེའི་མཆན་ལས། སངས་རྒྱས་ཀྱི་བསྟན་པའི་ཐ་མ་ལ་ཞེས་འབྱུང་ལ། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་གསུང་ལམ་རིམ་ཟིན་བྲིས་༦ན༤ལས། བསྟན་པའི་ཐ་མ་ཞེས་པ་ནི། སྤྱིར་སངས་རྒྱས་ཀྱི་བསྟན་པའི་ཐ་མ་ཟེར་རྒྱུ་མ་ཡིན་གྱི། གནས་སྐབས་ཀྱི་ཆོས་གང་འདྲ་ཞིག་བསྟན་ཀྱང་དེའི་མཇུག་ཏུ་ཞེས་པའི་དོན་ཡིན་གསུངས། ཞེས་གསུངས་སོ། །༸གོང་ས་༸རྒྱལ་དབང་བསྟན་འཛིན་རྒྱ་མཚོ་མཆོག་གིས་ཀྱང་དེ་བཞིན་དུ་འགྲེལ་ལོ། །