5572

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྟན་བཅོས
Tibetan Definition <ཤཱསྟྲ> 1 གཞུང་ངམ་དཔེ་ཆ་སྤྱིའི་མིང་། 2 བྱེ་བྲག་ཏུ་ཤེས་རྒྱུད་འདུལ་བའི་ཕྱིར་དུ་གསུངས་པའི་གཞུང་ལ་བསྟན་བཅོས་ཟེར། དཔེར་ན་ནང་པ་སངས་རྒྱས་པའི་བསྟན་བཅོས་རྣམ་དག་རྣམས་ལྟ་བུ། བཀས་བཅད་གསུམ་པའི་སྐབས་སུ་ལོ་ཙཱ་བ་རིན་ཆེན་བཟང་པོས། བསྟན་བཅོས་ལ་བསྟན་ཆོས་ཞེས་གསར་བཅོས་མཛད་ཀྱང་འདི་སྔར་མུས་བཞིན་གནས་འདུག རྒྱས་པར་ལི་ཤིའི་གུར་ཁང་དུ་གཟིགས་ན་ཤེས་སོ། །འཆོས་སྐྱོབ་ཀྱི་ཡོན་ཏན་གཉིས་དང་ལྡན་པའི་སངས་རྒྱས་ཀྱི་གསུང་རབ་ལ། བསྟན་བཅོས་རྣམ་དག་ཟེར། སྒྲ་བཤད་ནི། སློབ་དཔོན་གྱིས་ཆོས་བསྟན་ནས་སློབ་མའི་བློ་བཅོས་པས་ན་བསྟན་བཅོས་ཞེས་བྱའོ། །ཞེས་མཁས་པ་འགའ་གསུང་ངོ༌། །ཀརྨ་པ་བརྒྱད་པ་མི་བསྐྱོད་རྡོ་རྗེའི་མཛོད་འགྲེལ་༡༢ལས། ངེས་ཚིག་ནི་འགྲེལ་པ་ལས། བསྟན་བཅོས་ནི་སློབ་མ་འཆོས་པའོ། །ཞེས་པས་སྤྱིར་སློབ་མའི་བློ་འཆོས་པ་ཡིན་ལ། ཞེས་གསུངས་སོ། །